༄༅༎མཚོ་སྔོན་གསེར་ཆེན་རྫོང་གི་འོད་གློག་ནུས་ཁུངས།
རྩོམ་པ་པོ།:ཀྲུང་གོའི་དྲ་བ་ལས་བཏུས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-07-08
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ནི་དཔེ་མཚོན་ཅན་གྱི་མཐོ་སྒང་སྐམ་སའི་རང་བཞིན་གྱི་གནམ་གཤིས་ས་ཁུལ་དུ་གཏོགས་ཤིང་། ཉི་འོད་ཕོག་ཚད་དྲག་པ་དང་། དྲོད་བསིལ་གྲང་ངར་གནམ་གཤིས་གཙོ་བོ་ཡིན། ལོ་ཧྲིལ་བོའི་དྲོད་ཚད་ཆ་སྙོམས་ཀྱིས4℃ཡས་མས་སུ་གནས་ལ། རང་བྱུང་གི“འཁྱགས་ཆས”དང་འོད་གློག་ནུས་ཁུངས་ཀྱི“ཕུན་ཚོགས་གཏེར་ཁ(富矿)”ཤིག་ཏུ་ངེས། ཉེ་བའི་ལོ་འགའི་ནང་། མཚོ་ལྷོ་ཁུལ་གྱིས་རང་འགུལ་སྒོས་རྒྱལ་ཁབ་ཀྱི་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་ལ་བསྟུན་ནས། ནུས་ཤུགས་ཆེན་པོས་འོད་གློག་ནུས་ཁུངས་འཕེལ་རྒྱས་སུ་བཏང་བ་དང་། མཚོ་ལྷོ་ཁུལ་གྱི་འོད་གློག་གླིང་ཁུལ་དེ“སྟོང་ཁྲི་སྟོང་ཝ་གསུམ་རིམ་པའི”(三个千万千瓦级)ནུས་ཁུངས་གཙང་མ་དང“ནུབ་གློག་ཤར་འདྲེན”གྱི་རྟེན་གཞི་རུ་བསྐྲུན་ཏེ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ལེགས་པོ་བླངས།
རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་ཁུལ་འོད་གློག་གླིང་ཁུལ་གྱི་འོད་གློག(光伏)ཁེ་ལས43ཁྲོད། རྒྱལ་ཁབ་གློག་གཏོང་མཐུན་ཚོགས་རྨ་ཆུ་སྟོད་རྒྱུད་ཆུ་གློག་དར་སྤེལ་ཚད་ཡོད་འགན་འཁྲིའི་ཀུང་ཟི(བསྡུས་མིང་ལ་རྨ་ཆུའི་ཀུང་ཟི)ནི་གསེར་ཆེན་རྫོང་འོད་གློག་ཐོན་ལས་གླིང་ཁུལ་གྱི་ཆེས་ཆེ་བའི་ཁེ་ལས་ཡིན་པ་དང་། འོད་གློག་གློག་འདོན་ས་ཚིགས37བཙུགས་ལ། འཕྲུལ་ཆས་སྒྲིག་སྦྱོར་གྱི་གཞི་ཁྱོན་སྟོང་ཝ་ཁྲི388ལ་སླེབས་ཤིང་། འཛམ་གླིང་གི་ཆེས་ཆེ་བའི་འོད་གློག་གློག་ཚིགས་གཉེར་སྐྱོང་ཚོང་བ་ཡིན། ད་སྔ་ལས་མི70ཡིས་མཚོ་ལྷོ་ཁུལ་འོད་གློག་གླིང་ཁུལ་དུ་སྟོང་ཝ་ཁྲི271.5ཡི་འོད་གློག་གློག་ཚིགས་གཉེར་གྱི་ཡོད་པ་དང་། དེས་འོད་གློག་ཐོན་ལས་གླིང་ཁུལ་ཧྲིལ་བོའི60%ཡི་སྒྲིག་སྦྱོར་འཕྲུལ་ཆས་ཀྱི་ཤོང་ཚད་ཟིན། མིག་སྔར་སྟོང་ཝ་ཁྲི220ཡི་མཚོ་ལྷོ་ཁུལ་གྱི་མཐོ་གནོན་ཆེས་ཆེར་ཕྱིར་སྐྱེལ་བརྒྱུད་ལམ་ཆ་འགྲིག་གློག་ཁུངས་ཀྱི་འོད་གློག་ལས་གཞི(海南州特高压外送通道配套电源光伏项目)བསྐྲུན་གྱི་ཡོད་པ་དང་། ལོ་ཧྲིལ་བོར་གློག་འདོན་ཚད་དུང་ཕྱུར45kW·hཡིན།
རྒྱུས་ལོན་པ་ལྟར་ན། འོད་གློག་གློག་ཚིགས་ནི“རྟོག་བཟོས་ཆུ་གློག”(虚拟水电)ཅིག་ཡིན་པའི་ཆ་ནས་ཆུ་གློག་ས་ཚིགས་ཀྱི་སྙོམས་སྒྲིག་ནུས་ཤུགས་མཐོར་འདེགས་སུ་བཏང་བ་དང་། མེ་གློག(火电)གི་འཁོར་རྒྱུག་གྲབས་སྤྱོད་ཤོང་ཚད་གྲོན་ཆུང་བྱས་ལ། གློག་གཏོང་ཕྱིར་སྐྱེལ(输电送出)ནུས་ཤུགས་མཐོར་འདེགས་དང་ཆུ་གློག་ས་ཚིགས་ཀྱི་ལོའི་བེད་སྤྱོད་ཆུ་ཚོད་དེ་སྔར་གྱི་ཆུ་ཚོད4621ནས་ཆུ་ཚོད5019ལ་མཐོར་འདེགས་བྱུང་སྟེ། རྒྱལ་ནང་གི་གཞི་རྒྱ་ཆེ་བའི་ཆུ་གློག་གསབ་རེས་ཀྱི་གཙོ་གནད་ལག་རྩལ་སྟོང་ཆ་བསྐངས།
གླིང་ཁུལ་དུ་ད་དུང་ཀྲའོ་ཝ་བརྒྱའི་ཉི་ནུས་གློག་འདོན་དངོས་དཔང་རྟེན་གཞི(实证基地)བཙུགས་ཤིང་། འོད་གློག་གཙོ་རྒྱུན་ལག་རྩལ་དང་ཐོན་རྫས་རིགས148སྟེགས་མཚུངས་བསྡུར་བ་དང་། སྤྱིའི་སྒྲིག་སྦྱོར་འཕྲུལ་ཆས་ཀྲའོ་ཝ143ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་ཆེས་སྔོན་ཐོན་གྱི་ལག་རྩལ་སྣ་མང་ཁེབས། འདིས་འཛམ་གླིང་འོད་གློག་ལས་རིགས་ཀྱི་ཇུས་འགོད་དང་ཨར་ལས། སྒྲིག་ཆས་བཟོ་སྐྲུན། དར་སྤེལ། དངུལ་གཏོང་ཕན་འབྲས་དབྱེ་ཞིབ་སོགས་ཀྱི་ཐད་དངོས་དཔྱད་གཞི་གྲངས་མཁོ་འདོན་བྱས། རྒྱུས་ལོན་པ་ལྟར་ན། རྨ་ཆུ་ཀུང་ཟིས་རྣམ་པ་ཀུན་ཏུ་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཇུས་འགོད་དང་གཞི་རྒྱ་ཆེ་བའི་དྲ་སྦྲེལ་འོད་གློག་གློག་ཚིགས་བསྐྲུན་དུས་རྣམ་པ་ཀུན་ཏུ་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱས། 2012ལོ་ནས2018ལོའི་བར། གསེར་ཆེན་གྱི་འོད་གློག་ཐོན་ལས་གླིང་ཁུལ་གྱི་རྩི་ཤུན་ཁེབས་ཚད་དེ་འོད་གློག་གློག་ཚིགས་ཀྱི་འཛུགས་སྐྲུན་དང་བསྟུན་ནས་ལོ་རེར་འཕར་གྱི་ཡོད་ཅིང་། དེའི་འཕར་ཚད15%ལ་སླེབས། འོད་གློག་གློག་ཚིགས་ཀྱི་འཛུགས་སྐྲུན་འདིས་ས་ཁུལ་འདིའི་རླུང་ཤུགས་དམའ་རུ་གཏོང་ལ། ས་རྒྱུ་བཞའ་ཚན་གྱི་གནས་ཚུལ་དང་ཞན་འགྱུར་རྩྭ་ར་སླར་གསོ་བྱེད་པར་ཕན།

འབྲེལ་ཡོད་འོས་སྦྱོར།