logo

༄༅།།མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།: དུས་ཚོད།:2021-04-23 ཀློག་གྲངས།:
      མཚོ་སྔོན་བོད་ཀྱི་རིག་གནས་རྟེནམཛོད་གླིང་ནི་མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་ཡང་ཟེར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཚན་རྩལ་སྐྱེས་དངོས་ཐོན་སྐྱེད་ཁུལ་དུ་གནས་ཤིང་། འཛམ་གླིང་ཐོག་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་བརྗོད་དོན་གཙོ་བོར་བྱེད་པ་དང་། བསྡུ་ཉར་དང་། སྲུང་སྐྱོབ། འགྲེམས་སྟོན། ཞིབ་འཇུག སློབ་གསོ་བཅས་དང་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་ཕྱོགས་བསྡུས་ཅན་དང་། ཁྱོན་ཡོངས་ཅན། སྒོ་དབྱེ་ཅན་བཅས་ཀྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེནམཛོད་ཁང་དེ་ཡིན། རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། རྒྱལ་ཁབ་ཀྱི་རིག་གནས་ཐོན་ལས་རྟེན་གཞི། རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི། རྒྱལ་ཡོངས་ཀྱི་མི་རིགས་གསོ་རིག་རིག་གནས་དྲིལ་བསྒྲགས་སློབ་གསོའི་རྟེན་གཞི། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི། རྒྱལ་ཁབ་རིམ་པའི་ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་གྱི་ཚོད་ལྟའི་སྡེ་ཚན། རྒྱལ་ཡོངས་ཀྱི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཀྱི་ཚད་ཤིང་རིམ་སྤོར་གྱི་ཚོད་ལྟའི་ཚན་པ་བཅས་རེད།
       རྟེན་མཛོད་གླིང་དེ་2006ལོའི་ཟླ9པར་དངོས་སུ་སྒོ་ཕྱེ་བ་རེད། བཤམས་སྟོན་ཁང་གི་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5དང་། ནང་དུ་འགྲེམ་སྟོན་ཁང13དང་། སྒོ་དབྱེ་བྱས་ཚུན་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་མི་ཐེངས་ཁྲི450ལ་སྣེ་ལེན་ཞུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དེ་བཞིན་ཕྱི་རྒྱལ་གྱི་གཙོ་བདག100ལྷག་ཙམ་དང་། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད600ལྷག་ཙམ། ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་གལ་ཆེན་དང་གྲགས་ཅན་མི་སྣ་1000ལྷག་ཙམ་བཅས་འཚམས་འདྲིར་ཕེབས་ཡོད་པ་རེད།
       རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་ཁྲི་5ཡོད་ཅིང་། 2018ལོ་དང་2020ལོར་ཞིང་ཆེན་རིག་དངོས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རིགས་གཅིག་མཁས་ཅན་མངགས་ནས་རང་རྒྱལ་འགྲེམས་ཁང་དུ་རིག་དངོས་གསལ་འབྱེད་ཐེངས་གཉིས་བྱས་པ་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རིག་དངོས་2003གསལ་འབྱེད་བྱས་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་158ཡོད་པ་རེད།
      བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་། མལ་ཐང། གནའ་དཔེ་ཡིག་ཚགས། སྨན་རྫས་དངོས་དཔེ། གནམ་རིག་སྐར་རྩིས། དར་གོས་བརྒྱུད་ལམ་དང་མདོ་དབུས་མཐོ་སྒང་གི་ཤེས་རིག ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ། བོད་ཀྱི་ཡིག་གཟུགས། བོད་རིགས་ཀྱི་བཟོ་སྐྲུན་སྒྱུ་རྩལ། བོད་ཀྱི་གྱོན་གོས་དང་རྒྱན་ཆ། བོད་ཀྱི་གྲུམ་ཟེ། སངས་རྒྱས་སྨན་བླའི་མཆོད་ཁང་སོགས་འགྲེམས་སྟོན13བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།