༄༅།།ཞིང་ཆེན་བཞིའི་གསར་འགོད་པ་རྣམས་གུང་ཧོ་རུ་འབྱོར་ནས་བཅར་འདྲི་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོ་ཁུལ་དྲ་ལམ་བརྙན་འཕྲིན་ཁང་།
དུས་ཚོད།:2021-05-08
ཀློག་གྲངས།:
ཟླ5བའི་ཚེས7ཉིན། ཞིང་ཆེན་བཞིའི་སྐབས་གསུམ་པའི་བོད་འབྲེལ་རླུང་བརྙན་འཕྲིན་ལྷན་འབྲེལ་ཚོགས་པ་མཚོ་ལྷོའི་བཅར་འདྲིའི་ས་ཚིགས་དང་པོ་གུང་ཧོ་རྫོང་དུ་འབྱོར་ནས་དངོས་སུ་བཅར་འདྲི་བྱེད་པའི་མགོ་བརྩམས་པ་རེད།
ཞིང་ཆེན་བཞིའི་སྐབས་གསུམ་པའི་བོད་འབྲེལ་རླུང་བརྙན་འཕྲིན་གྱི་གསར་འགོད་པ་རྣམས་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཚ་ཧན་ཏ་བ་སྡེ་བར་འབྱོར་ཞིང་ཏང་འཛུགས་བྱ་བའི་གནས་ཚུལ་དང་ཞིང་སྡེ་དར་སྤེལ་ཐད་ཀྱི་གནས་ཚུལ་ལ་བཅར་འདྲི་དང་རྒྱུས་ལོན་བྱས།
འཁྲབ་སྦྱོང་བྱེད་པའི་རྣམ་པ། ཞིང་ཆེན་བཞིའི་སྐབས་གསུམ་པའི་བོད་འབྲེལ་རླུང་བརྙན་འཕྲིན་གྱི་གསར་འགོད་པ་རྣམས་མཚོ་ལྷོ་ཁུལ་གསེར་ཆབ་བོད་མིའི་ཁྲོམ་དུ་འབྱོར་ཞིང་། གྲལ་དག་པའི་བཟོ་བཀོད་དང་ཐུན་མོང་མ་ཡིན་པའི་བོད་ཀྱི་འཚོ་བའི་ཅ་ལག་དང་རྒྱན་གོས། ཁྱད་ལྡན་ཐོན་རྫས་སོགས་བརྙན་དུ་ཕབ་ནས་འབྲེལ་ཡོད་མི་སྣར་བཅར་འདྲི་བྱས།
གསེར་ཆབ་བོད་མིའི་ཁྲོམ་རར་ལྟ་སྐོར་བྱེད་བཞིན་པའི་རྣམ་པ།
མཉམ་པར། ཞིང་ཆེན་བཞིའི་སྐབས་གསུམ་པའི་བོད་འབྲེལ་རླུང་བརྙན་འཕྲིན་གྱི་གསར་འགོད་པ་རྣམས་མཚོ་ལྷོ་ཁུལ་སྲིད་ཁྲིམ་སློབ་གསོའི་ཁོངས་གཏོགས་ལས་ཁུལ་སྲིད་ཁྲིམས་ཨུ་དང་ཁུལ་སྤྱི་བདེ་ཅུའུ། ཁུལ་མི་དམངས་ཞིབ་བཤེར་ཁང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་ཁྲིམས་འཛིན་ཅུའུ་སོགས་མཚོ་ལྷོ་ཁུལ་གྱི་སྲིད་ཁྲིམས་སློབ་གསོའི་ལེགས་བཅོས་ཀྱི་གྲུབ་འབྲས་དང་། སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན། སྲིད་ཁྲིམས་སྐད་གཉིས་སོགས་བྱ་བའི་ངོས་ནས་ཞིབ་ཏུ་རྒྱུས་ལོན་བྱས།
སྲིད་ཁྲིམས་ལས་ཁུངས་ཁག་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ།
ཞིང་ཆེན་བཞིའི་སྐབས་གསུམ་པའི་བོད་འབྲེལ་རླུང་བརྙན་འཕྲིན་གྱི་གསར་འགོད་པ་རྣམས་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཚ་ཧན་ཏ་བ་སྡེ་བར་འབྱོར་ཞིང་ཏང་འཛུགས་བྱ་བའི་གནས་ཚུལ་དང་ཞིང་སྡེ་དར་སྤེལ་ཐད་ཀྱི་གནས་ཚུལ་ལ་བཅར་འདྲི་དང་རྒྱུས་ལོན་བྱས།
ཚ་ཧན་ཏ་བ་སྡེ་བར་བཅར་འདྲི་དང་ལྟ་སྐོར་བྱེད་བཞིན་པའི་རྣམ་པ།
ཞིང་ཆེན་བཞིའི་སྐབས་གསུམ་པའི་བོད་འབྲེལ་རླུང་བརྙན་འཕྲིན་བཅར་འདྲི་ཚོགས་པའི་གསར་འགོད་པ་རྣམས་གླུ་གར་སྒྱུ་རྩལ་གྱི་གཤིན་ས་སྣུམ་པོ་སྟེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པ་རུ་འབྱོར་ཞིང་། ལས་ཁུངས་འདིའི་མགོ་ཁྲིད་མི་སྣ་དང་ལྷན་དུ་ཁོ་ཚོས་གླུ་གར་འཁྲབ་སྦྱོང་བྱེད་པའི་རྣམ་པ་དང་། འཁྲབ་ཆས། བྱ་དགའི་གཟེངས་རྟགས་སོགས་ལ་ཞིབ་ལྟ་བྱས་པ་མ་ཟད། དེ་དང་འབྲེལ་ཡོད་ཀྱི་ནང་དོན་ངོས་ནས་བཅར་འདྲི་བྱས།
ཞིང་ཆེན་བཞིའི་གསར་འགོད་པ་རྣམས་ལ་སྣེ་ལེན་དང་ཁ་བཏགས་སྒྲོན་བཞིན་པ།
འཁྲབ་སྦྱོང་བྱེད་པའི་རྣམ་པ།
གསེར་ཆབ་བོད་མིའི་ཁྲོམ་རར་ལྟ་སྐོར་བྱེད་བཞིན་པའི་རྣམ་པ།
མཉམ་པར།
སྲིད་ཁྲིམས་ལས་ཁུངས་ཁག་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ།
འབྲེལ་ཡོད་འོས་སྦྱོར།