logo

༄༅།།རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་མཇུག་འབྲས་ལས་བོད་འབྲེལ་ཞིང་ཆེན་གྱི་འབྲེལ་ཡོད་གཞི་གྲངས་འགའ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2021-05-17 ཀློག་གྲངས།:
       རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་བསྟུན། བོད་འབྲེལ་ཞིང་ཆེན(མཚོ་སྔོན། ཀན་སུའུ། སི་ཁྲོན། བོད་ལྗོངས། ཡུན་ནན)གྱི་གཞི་གྲངས་འགའ་ཡང་ཐོན་ཡོད་པ་དང་། གཞི་གྲངས་དེ་དག་གཤམ་གསལ་ལྟར། 
       མི་འབོར་ཐད།   མཚོ་སྔོན་གྱི་རྒྱུན་སྡོད་མི་གྲངས5923957ཡོད་པ་དང་དེས་རྒྱལ་ཡོངས་མི་གྲངས་ཀྱི0.42%ཟིན། ཀན་སུའུ་ཞིང་ཆེན་གྱི་མི་གྲངས25019831ཡོད་པ་དང་། དེས་རྒྱལ་ཡོངས་མི་གྲངས་ཀྱི1.77%ཟིན། སི་ཁྲོན་ཞིང་ཆེན་གྱི་མི་གྲངས83674866ཡོད་པ་དང་། དེས་རྒྱལ་ཡོངས་མི་གྲངས་ཀྱི5.93%ཟིན། བོད་ལྗོངས་ཀྱི་མི་གྲངས3648100ཡོད་པ་དང་། དེས་རྒྱལ་ཡོངས་མི་གྲངས་ཀྱི0.26%ཟིན། ཡུན་ནན་གྱི་མི་གྲངས47209277ཡོད་པ་དང་། དེས་རྒྱལ་ཡོངས་མི་གྲངས་ཀྱི3.34%ཟིན། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཁྲོད་མི་གྲངས་ཁྲི1000ལས་ཉུང་བའི་ཞིང་ཆེན་གསུམ་ཡོད་པ་དང་། དེའི་ཁྲོད་ཀྱི་ཞིང་ཆེན་གཉིས་བོད་ལྗོངས་དང་མཚོ་སྔོན་གཉིས་རེད། བོད་འབྲེལ་ཞིང་ཆེན་ལྔ་བོ་ཚང་མ་ཀྲུང་གོའི་ནུབ་རྒྱུད་ཀྱི་ཞིང་ཆེན་སུ་གཏོགས་པ་དང་། 2010ལོའི་རྒྱལ་ཡོངས་ཀྱི་མི་གྲངས་ཞིབ་བཤེར་ཐེངས་དྲུག་པ་དང་བསྡུར་ན་ནུབ་རྒྱུད་ས་ཁུལ་གྱི་མི་གྲངས་ཀྱི་ཟིན་ཚད0.22%འཕར་ཡོད། ཞིང་ཆེན་ལྔ་ཡི་ཁྱབ་ཁོངས་ཁྲོད། 2010ལོའི་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་དྲུག་པ་དང་བསྡུར་ན། བོད་ལྗོངས་ལས་གཞན་ཞིང་ཆེན་གཞན་པ་བཞི་ཡི་རྒྱལ་ཡོངས་ཀྱི་མི་གྲངས་ཀྱི་ཟིན་ཚད་འདྲ་མཚུངས་སམ་ཇེ་ཉུང་དུ་སོང་ཡོད། 
      ཕོ་མོའི་བསྡུར་ཚད་ཐད།  མཚོ་སྔོན་གྱི་སྐྱེས་པས་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི51.21%ཟིན་པ་དང་། སྐྱེས་མས48.79%ཟིན། ཀན་སུའུ་ཞིང་ཆེན་གྱི་སྐྱེས་པས་ཞིང་ཆེན་དེའི་མི་གྲངས་ཀྱི་ཡོངས་ཀྱི50.76%ཟིན་པ་དང་། སྐྱེས་མས49.24%ཟིན། སི་ཁྲོན་ཞིང་ཆེན་གྱི་སྐྱེས་པས་ཞིང་ཆེན་དེའི་མི་གྲངས་ཀྱི་ཡོངས་ཀྱི50.54%ཟིན་པ་དང་། སྐྱེས་མས49.46%ཟིན། བོད་ལྗོངས་ཀྱི་སྐྱེས་པས་ཞིང་ཆེན་དེའི་མི་གྲངས་ཀྱི་ཡོངས་ཀྱི52.45%ཟིན་པ་དང་། སྐྱེས་མས47.55%ཟིན། ཡུན་ནན་གྱི་སྐྱེས་པས་ཞིང་ཆེན་དེའི་མི་གྲངས་ཀྱི་ཡོངས་ཀྱི51.73%ཟིན་པ་དང་། སྐྱེས་མས48.27%ཟིན། རྒྱལ་ཡོངས་སུ་ཕོ་མོའི་བསྡུར་ཚད110ལས་ཆེ་བའི་ཞིང་ཆེན་གསུམ་ཡོད་པ་དང་དེའི་ཁྲོད་བོད་ལྗོངས་འདུས། ཞིང་ཆེན་ལྔ་ཡི་ཕོ་མོའི་བསྡུར་ཚད་ཁྲོད་སྐྱེས་པ་སྐྱེས་མ་ལས་ཅུང་མང་བའི་རྣམ་པ་མངོན་ཡོད། 
       ལོ་ཚོད་ཀྱི་གྲུབ་ཆའི་ཆ་ནས།   མཚོ་སྔོན་ཞིང་ཆེན་གྱི་ལོ14མན་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི20.81%ཟིན་པ་དང་། ལོ15ནས59བར་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི67.04%ཟིན། ལོ60ཡན་གྱི་མི་གྲངས་ཀྱིས12.14%ཟིན་པ་དང་། ལོ65ཡན་གྱི་མི་གྲངས་ཀྱིས8.68%ཟིན། ཀན་སུའུ་ཞིང་ཆེན་གྱི་ལོ14མན་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི19.40%ཟིན་པ་དང་། ལོ15ནས59བར་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི63.57%ཟིན། ལོ60ཡན་གྱི་མི་གྲངས་ཀྱིས17.03%ཟིན་པ་དང་། ལོ65ཡན་གྱི་མི་གྲངས་ཀྱིས12.58%ཟིན། སི་ཁྲོན་ཞིང་ཆེན་གྱི་ལོ14མན་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི16.10%ཟིན་པ་དང་། ལོ15ནས59བར་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི62.19%ཟིན། ལོ60ཡན་གྱི་མི་གྲངས་ཀྱིས21.71%ཟིན་པ་དང་། ལོ65ཡན་གྱི་མི་གྲངས་ཀྱིས16.93%ཟིན། བོད་ལྗོངས་ཀྱི་ལོ14མན་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི24.53%ཟིན་པ་དང་། ལོ15ནས་ལོ59བར་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི66.95%ཟིན། ལོ60ཡན་གྱི་མི་གྲངས་ཀྱིས8.52%ཟིན་པ་དང་། ལོ65ཡན་གྱི་མི་གྲངས་ཀྱིས5.67%ཟིན། ཡུན་ནན་ཞིང་ཆེན་གྱི་ལོ14མན་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི19.57%ཟིན་པ་དང་། ལོ15ནས59བར་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི65.52%ཟིན། ལོ60ཡན་གྱི་མི་གྲངས་ཀྱིས14.91%ཟིན་པ་དང་། ལོ65ཡན་གྱི་མི་གྲངས་ཀྱིས10.75%ཟིན། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོའི་ཁྲོད་བོད་ལྗོངས་ཀྱི་ལོ65ཡན་གྱི་མི་གྲངས་ཀྱི་ཟིན་ཚད་དང་ལོ60ཡན་གྱི་མི་གྲངས་ཀྱི་ཟིན་ཚད་ཆེས་དམའ་བ་དང་ལོ14མན་གྱི་མི་གྲངས་ཀྱི་ཟིན་ཚད་ཆེས་མཐོ་བའི་ཞིང་ཆེན་དུ་གྱུར་ཡོད་པས་རྒྱལ་ཡོངས་ཀྱི“ཆེས་གཞོན་པའི་ཞིང་ཆེན”དུ་གྱུར་ཡོད། 
      མི་ཁྲི10ཁྲོད་དུ་སློབ་གསོ་ཐོབ་པའི་མི་གྲངས་ཀྱི་ཐད།  རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཁྲོད་བོད་འབྲེལ་ཞིང་ཆེན་ལྔ་ཡི་སློབ་ཆེན(མཐོ་རིམ་ཆེད་ལས་སློབ་གྲྭའམ་དེ་ལས་མཐོ་བ)དང་མཐོ་འབྲིང(འབྲིང་རིམ་ཆེད་ལས་སློབ་གྲྭ་ཐེ)བའི་སློབ་གསོ་ཐོབ་པའི་མི་གྲངས་ཅུང་ཉུང་བའི་གྲལ་དུ་སླེབས་ཡོད་པ་དང་། བོད་ལྗོངས་རྒྱལ་ཡོངས་ཀྱི་མཐོ་འབྲིང(འབྲིང་རིམ་ཆེད་ལས་སློབ་གྲྭ་ཐེ)བའི་སློབ་གསོ་ཐོབ་ཚད་ཆེས་ཉུང་བའི་ཞིང་ཆེན་དུ་གྱུར་ཡོད། གཞན་སློབ་ཆུང་དང་སློབ་འབྲིང་གི་སློབ་གསོ་ཐོབ་པའི་མི་གྲངས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ལ། ཡུན་ནན་ནི་སློབ་ཆུང་གི་སློབ་གསོ་ཐོབ་ཚད་ཆེས་མང་བའི་ཞིང་ཆེན་དུ་གྱུར་ཡོད།  །
འབྲེལ་ཡོད་འོས་སྦྱོར།