༄༅།།ཨ་ཁུ་འཇིགས་མེད་རྒྱལ་མཚན་གྱིས་གསར་དུ་རྙེད་པའི་རི་བོ་རྩེ་ལྔ།
རྩོམ་པ་པོ།:རྒྱ་གྲོལ།
ཡོང་ཁུངས།:ཤེས་རབ་གཡང་དཔེ་མཛོད་ཁང་།
དུས་ཚོད།:2021-10-15
ཀློག་གྲངས།:
ཨ་ཁུ་འཇིགས་མེད་རྒྱལ་མཚན་གྱིས་རི་བོ་རྩེ་ལྔ་ཞིག་གསར་དུ་རྙེད་འདུག སྐད་ཆ་འདི་ཐོས་དུས་ཚང་མ་ཧ་ལས་ངེས།མང་བོ་ཞིག་གིས་སྐད་ཆ་འདི་ནི་གཞི་མེད་ཀྱི་བསྟོད་པ་ཞིག་ཡིན་པར་འདོད་ངེས།
ང་ཚོས་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་ལས་རི་བོ་རྩེ་ལྔ་ལ་མཇལ་བའི་གནས་ཚུལ་མང་བོ་མཐོང་མྱོང་ཡང་། དེ་དག་ཚང་མ་ཐེ་ཚོམ་ཅི་ཡང་མེད་པར་ཧྲན་ཞི་ན་ཡོད་པའི་རྒྱ་ནག་རི་བོ་རྩེ་ལྔར་ངོས་འཛིན་བཞིན་ཡོད།
ངས་ཀྱང་རྒྱ་ནག་རི་བོ་རྩེ་ལྔར་མཇལ་དུས་བོད་ཀྱི་དམ་པ་དེ་དག་ཚང་མ་ཧྲན་ཞིའི་རི་བོ་རྩེ་ལྔར་མཇལ་བ་ཡིན་པར་བསམ་ཡོད།དེ་དག་ལས་བག་ཆགས་ཟབ་པ་ནི་རྗེ་གསེར་ཁང་བའི་རྣམ་ཐར་ལས། རི་བོ་རྩེ་ལྔར་མཆོད་རྟེན་འགའ་ཞིག་ལ། །ཞིག་གསོས་བྱེད་སྐབས་ངས་ཀྱང་ས་ཁུར་ཞིང་། །རྡོ་སྐྱེལ་བྱེད་ཐུབ་ད་ནི་གཟུགས་པོ་ཡིས། །མི་ལྕོགས་གསུངས་ནས་ང་ཡི་ཚབ་གྱིས་ཞེས། །གཞན་ལ་ཊཾ་ཀ་མང་བྱིན་ས་བསྐྱེལ་བཅུག །རྟེན་རྙིང་འདི་རྣམས་ཞིག་གསོས་བྱས་ན་ནི། །བསོད་ནམས་ཁྱད་པར་འཕགས་ཞེས་ཐུགས་དགྱེས་མཛད། །ཅེས་པའི་ཚན་པ་འདི་ཡིན།
ང་རྒྱ་ནག་རི་བོ་རྩེ་ལྔར་མཇལ་དུས་རྗེ་གསེར་ཁང་བས་ཞིག་གསོས་གནང་བའི་མཆོད་རྟེན་དེ་ཡིད་ལ་དྲན་མྱོང་མོད། འདྲི་ས་མ་རྙེད་ཅིང་ལོ་རྒྱུས་ཡིག་ཚང་ལས་ཀྱང་མ་མཐོང་བས་ཕངས་པ་དང་བཅས་བསྐྱུར།
ད་དུང་ཤར་སྐལ་ལྡན་རྒྱ་མཚོས། ཤར་རྒྱ་ནག་རི་བོ་རྩེ་ལྔའི་གནས། །སྔོན་འཇམ་དབྱངས་གཞོན་ནུས་མངོན་སུམ་སྤྲུལ།།དུས་ད་ཡང་རྗེ་བཙུན་དངོས་སུ་བཞུགས། །རི་དེ་ནས་ཟླ་ལམ་བགྲོད་པའི་སར། །ཕྱོགས་བཞི་རུ་འཇམ་དབྱངས་སྤྲུལ་བའི་རི། །མཚན་ཡོངས་སུ་གྲགས་སོ་ནུབ་ཀྱི་གནས། །རི་སྟག་རི་རི་བོ་རྩེ་ལྔ་རུ། །ཕ་བླ་མའི་བཞུགས་གནས་མཐོང་བ་དང་། །ལྷ་འཇམ་མགོན་ཕོ་བྲང་མཇལ་བ་ལས། །སེམས་དགའ་སྤྲོ་སྐྱེས་ཏེ་གླུ་འདི་ལེན། །ཞེས་པ་ལ་ཡང་ཡང་མཇལ་མོད། དེ་ཡང་ཧྲན་ཞི་ན་ཡོད་པའི་རི་བོ་རྩེ་ལྔ་ཡིན་པར་བསམ།
འོན་ཀྱང་། ཤར་རྒྱ་ནག་རི་བོ་རྩེ་ལྔའི་གནས། །རི་དེ་ནས་ཟླ་ལམ་བགྲོད་པའི་སར། །རི་སྟག་རི་རི་བོ་རྩེ་ལྔ་རུ། །ཞེས་གསལ་བས་རི་བོ་རྩེ་ལྔ་གཉིས་ཡོད་པར་ངེས་ཀྱང་། གང་ཡིན་མ་ངེས་པས་སྟག་རི་རི་བོ་རྩེ་ལྔ་ཞེས་པ་ནི་ཐེ་ཚོམ་གྱི་ཚིག་འབའ་ཞིག་ཏུ་གྱུར།
ད་ལོའི་ཟླ་བཞི་བར་བདག་ཤེས་རིག་ནོར་བུའི་གླིང་དུ་སློབ་ཁྲིད་ཀྱི་ཁུར་བླངས་ནས་ཡོད་དུས་ཨ་ཁུ་འཇིགས་མེད་རྒྱལ་མཚན་གྱིས།ཁོང་གིས་བྲིས་པའི་《རྒྱ་ནག་རི་བོ་རྩེ་ལྔ་དང་བྱིན་རླབས་མཉམ་པའི་བོད་ཡུལ་གྱི་སྟག་རི་རི་བོ་རྩེ་ལྔའི་མཚམས་སྦྱོར་མདོར་བསྡུས》འདི་བསྐུར་ཡོང་ནས་འདི་ལས་ཞུ་དག་ཅིག་བྱ་རོགས་གསུངས།
ང་ཡང་ཧ་ལས་སོང་། བོད་ཀྱི་ས་ཆ་ནའང་རི་བོ་རྩེ་ལྔ་ཟེར་བ་ཞིག་ཡོད་དམ་སྙམ། ད་ལྟ་ལས་གཞིའི་ཆེད་དང་། དགོས་མཁོའི་ཆེད་དུ་ལོ་རྒྱུས་རྫུན་མ་འབྲི་བ་མཁས་བླུན་ཀུན་ལ་དར་བས། གལ་ཏེ་ཨ་ཁུ་འཇིགས་མེད་རྒྱལ་མཚན་ལ་རྒྱུས་ཡོད་པ་མིན་ན་ཁོང་གིས་ཀྱང་དེ་ལྟ་བུའི་ལས་གཞི་ཞིག་བསྒྲུབ་པ་ཡིན་ནམ་སྙམ་སྲིད།
ཁོང་ནི་རྣམ་དཔྱོད་ཀྱི་ནམ་ལངས་ཤིང་། གཟུར་གནས་ཀྱི་ཚད་དུ་གནས་པ་ཞིག་ཡིན་པས་གང་དགར་ལོ་རྒྱུས་གླེང་མི་སྲིད་ལ་གང་བརྗོད་ན་བསམ་ཞིང་བསམས་ཏེ། གཞན་ལ་བློ་དྲིས་ནས་ཐག་གཅོད་པ་ཞིག་ཡིན་ལ། རང་གི་ནོར་བ་ཅུང་ཟད་ཡོད་ན་སུས་བསྟན་ཡང་དེ་མ་ཐག་ཏུ་དང་ལེན་བྱ་ངེས་པ་ཞིག་ཡིན་པ་བདག་ཁོང་ལ་ཡུན་རིང་འགྲོགས་པས་གསལ་བོར་ཤེས་ཡོད།
དེ་བས་ཁོང་གི་རྩོམ་ཡིག་འདི་ཞིབ་ཏུ་བཀླགས་པ་ཡིན། ཀློག་གིན་ཀློག་གིན་ང་རང་ཧ་ལས་སོང་། སྔོན་ཆད་བདག་གིས་མ་ཤེས་པའི་རི་བོ་རྩེ་ལྔའི་གནད་དེ་དག་ཁོང་གིས་བཀྲོལ་ཡོད་ལ། ཁོང་གིས་བཀླགས་པའི་དཔྱད་གཞི་དེ་དག་ལས་མང་བོ་ཞིག་ངས་ཀྱང་བཀླགས་མྱོང་མོད། དེ་འདྲའི་དོ་སྣང་མ་བྱས་པས་རྩོམ་ཡིག་འདིར་ངོ་ཡང་གནོང་བར་གྱུར།
ལྷག་པར་ཁོང་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་དང་། རྩྭ་ཐང་བུ་མོའི་སློབ་གྲྭ། གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་། གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་སོགས་ཕྱག་ལས་མང་ཞིང་། ཁྱད་པར་ལོ་འདི་འགར་ཁོང་འགལ་རྐྱེན་མང་བོའི་རུ་འཛིངས་པའི་ནང་དུ་ཚུད་པས་དེའི་ཁྲོད་ནས་འདི་ལྟ་བུའི་ཞིབ་འཇུག་ལེགས་པོ་ཞིག་ཇི་ལྟར་བྱས་པ་ཡིན་ནམ་སྙམ།
ས་སྐྱ་པཎ་ཆེན་གྱིས། སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ། །འདི་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན། །བླུན་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱད་པའི། །དོན་དེ་རྟོགས་ཀྱང་དེ་ལ་ངོ་མཚར་མེད། །ཅེས་གསུངས་པ་ལྟར། ཨ་ཁུ་འཇིགས་མེད་རྒྱལ་མཚན་གྱི་ཞིབ་འཇུག་གིས་བོད་ཀྱི་རི་བོ་རྩེ་ལྔ་གསར་དུ་རྙེད་པ་འདིས་དངོས་གནས་ངོ་མཚར་དང་ལྡན་པ་ཞིག་རེད།
ཁོང་གིས་བོད་ཀྱི་ཆོས་འབྱུང་དང་རྣམ་ཐར། གནས་ཡིག་ལོ་རྒྱུས་ཡིག་ཚང་མང་བོ་ཞིག་ལ་དཔྱད་དེ། དངོས་སུ་སོང་ནས་བརྟག་དཔྱད་དང་ཞིབ་འཇུག་བྱས་པས་ལོ་རྒྱུས་སུ་བཤད་པ་དག་དོན་དངོས་ཀྱི་ར་སྤྲོད་གནང་སྟེ། རྣམ་ཐར་མང་བོར་གསལ་བའི་རི་བོ་རྩེ་ལྔ་དེ་སྟག་རི་རི་བོ་རྩེ་ལྔ་ཡིན་པའི་ངེས་པ་རྙེད། དེ་བས་ཁོང་གིས་དཔྱད་པ་གནང་བའི་དེབ་ཆུང་འདི་མཐོང་ན་སུ་ལའང་ངེས་ཤེས་རྙེད་ངེས་ཡིན།
ཁོང་གིས་རི་བོ་རྩེ་ལྔ་འདི་གསར་དུ་རྙེད་ཅེས་ན་སྤྱིར་ན་ཅུང་མི་འཚམ་ཡང་། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ་དོན་དུ་གར་ཡོད་མི་ཤེས་པའི་གནས་འདི་ད་ལྟ་ཁོང་གིས་རྟོགས་པ་འདིས་གསར་དུ་རྙེད་ཅེས་ནའང་ཚད་ལས་བརྒལ་མེད།
དེས་ན་རི་བོ་རྩེ་ལྔ་འདི་གང་ན་ཡོད། དེ་ན་ཅི་ཞིག་ཡོད། དེས་ལོ་རྒྱུས་སུ་གནས་བབ་ག་འདྲ་ཞིག་ཟིན་ཡོད་ཅེ་ན། དྲི་བ་དེ་དག་གི་ལན་ནི་ཨ་ཁུ་འཇིགས་མེད་རྒྱལ་མཚན་གྱི་དེབ་ཆུང་འདི་ལས་གསལ་བོར་བསྟན་ཡོད།
སྟག་རི་རི་བོ་རྩེ་ལྔ་ནི་དེང་སང་གི་ས་གནས་སྲིད་འཛིན་གྱི་དབང་དུ་བཏང་ན། ཀན་སུའུ་ཞིང་ཆེན་འབྲོང་ལུང་རྫོང་ལེན་ཁྲིན་གྲོང་རྡལ་ནས་བྱང་ཕྱོགས་སུ་སྤྱི་ལེ་གཉིས་ཀྱི་སའི་བྲག་དགོན་ཡོད་ས་དེ་ཡིན།(甘肃省永登县连城镇) ད་ལྟ་དེའི་སྒོ་ཆེན་གྱི་སྟེང་དུ་རྒྱ་ཡིག་གི尕达寺ཞེས་བྲིས་ཡོད། ཀཱ་ཏཱ་ནི་ཧོར་སྐད་དེ། བྲག་རིའི་མིང་རེད།
ཐང་རྒྱལ་རབས་ཀྱི་སྐབས་རྒྱ་གར་གྱི་པནྜི་ཏ་ལྔ་བརྒྱ་དཔའ་རིས་ས་ཆའི་གཡག་རིའི་ལྷོ་ངོས་ཀྱི་སྟག་རི་རི་བོ་རྩེ་ལྔའི་གནས་འདི་བརྒྱུད་ནས་རྒྱ་ནག་ཏུ་ཕེབས་སྐབས། གནས་འདི་ཡུལ་མཛེས་ཤིང་། གནས་ཁྱད་པར་ཅན་དུ་གཟིགས་ནས་བཀྲ་ཤིས་ཀྱི་གསོ་སྦྱོང་མཛད་ཅིང་དབྱར་གནས་ལ་བཞུགས་ཏེ། མ་འོངས་པར་དགོན་པ་འདེབས་པ་སོགས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་རྒྱས་པར་འགྱུར་བའི་ལུང་བསྟན་ཟབ་མོ་གནང་། རྗེས་སུ་ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་ཁུ་དབོན་སོགས་འདིར་ཕེབས་ཤིང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་པས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས་སུ་ངོས་བཟུང་། བྱམས་པ་རི་བོའི་མདུན་དུ་ས་སྐྱའི་སྒྲུབ་སྡེ་མཆོག་དགའ་གླིང་ཕྱག་འདེབས་གནང་། རིམ་བཞིན་འགྲོ་མགོན་ཕྱག་ན་རྡོ་རྗེ། ཀརྨ་རང་བྱུང་རྡོ་རྗེ། པྲ་སྒོམ་ཆོས་ཀྱི་རྡོ་རྗེ། ཀརྨ་རོལ་བའི་རྡོ་རྗེ།ཤར་སྐལ་ལྡན་རྒྱ་མཚོ། རྒྱལ་དབང་ལྔ་བ་དང་། དྲུག་པ་ཚངས་དབྱངས་རྒྱ་མཚོ། སྟོང་སྐོར་མདོ་རྒྱུད་རྒྱ་མཚོ། རྗེ་གསེར་ཁང་བ་བསྟན་འཛིན་རྒྱ་མཚོ། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་སོགས་ཕེབས་ཏེ་ཉམས་བཞེས་མཛད་ཅིང་། ཁྱད་པར་ཤིང་བཟའ་རྡོ་རྗེ་འཆང་གིས་བྲག་དགོན་མཆོག་དགའ་གླིང་གི་དཀར་ཆག་ལྗགས་རྩོམ་གནང་།
དེ་ལྟ་བུའི་གནས་ཁྱད་པར་ཅན་ཞིག་ཡིན་ནའང་བར་སྐབས་སུ་རང་གཞན་སུས་ཀྱང་ངོས་མི་ཟིན་པ་ཞིག་ཏུ་གྱུར། ད་ལྟ་ས་དེའི་མི་རྣམས་ལས་གནས་དེ་རི་བོ་རྩེ་ལྔ་ཡིན་པར་ངོས་ཟིན་ཡོད་མེད་མ་ཤེས་མོད། ང་དང་ང་འདྲ་བའི་མང་བོ་ཞིག་གིས་ངོས་ཟིན་མེད་པའམ། དེའི་གནས་ཚུལ་ཅི་ཡང་མི་ཤེས་པ་ངས་ཁ་ཚོན་བཅད་ཆོག
ཕུག་ལྔ་ནི་བྱང་རིའི་ནུབ་རྒྱབ་ཀྱི་བདེ་མཆོག་སྒྲུབ་ཕུག བྱང་རིའི་ངོས་ཀྱི་བྱམས་པའི་སྒྲུབ་ཕུག ཤར་རིའི་ངོས་ཀྱི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག མཐིལ་གྱི་དཔལ་མགོན་སྒྲུབ་ཕུག འབྲུག་རིའི་ངོས་ཀྱི་ཕྱག་རྡོར་སྒྲུབ་ཕུག་བཅས་སུ་ངོས་འཛིན།
གནས་རི་དང་། རི་ཁྲོད། རང་བྱུང་བྲག་གསུམ་ནི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་གནས། དབེན་གནས་བྲག་དགོན་རི་ཁྲོད། བྱམས་མགོན་རང་བྱོན་འབྱོན་པའི་བྲག་དང་། ལྷ་ཁང་གསུམ་ནི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་ལྷ་ཁང་། སྤྱན་རས་གཟིགས་བུ་སྦྱིན་གྱི་ལྷ་ཁང་། ལྷ་མོ་སྐུལ་བྱེད་མའི་ལྷ་ཁང་བཅས་ཡིན།
གནས་ངོ་མཚར་བ་བཅུ་གསུམ་ནི་ཚངས་དབྱངས་བཞུགས་ཁྲི་དང་ཀླུ་སྒྲུབ་རལ་བ། དགའ་ལྡན་ཟམ་པ། མཆོད་རྟེན་རྣམ་བརྒྱད། བདུད་རྩི་ཆུ་མིག ཀླུ་རྒྱལ་ཇ་སྡོང་། ཀླུ་དབང་ཕོ་བྲང་། གཞི་བདག་ལྷ་ཁང་། དྲང་སྲོང་སྒྲུབ་ཕུག ཁྲུས་ཆུ་སྟོང་འབབ། སྟོང་སྐུའི་ལྷ་ཁང་། བྱམས་པའི་རི་བོ། རྒྱལ་ཆེན་ལྷ་ཁང་བཅས་ཡིན།
དེབ་ཆུང་འདིར་ལྟ་བཞིན་དུ་སྟག་རི་རི་བོ་རྩེ་ལྔར་དངོས་སུ་མཇལ་བ་ལྟ་བུའི་སྣང་བ་བྱུང་ལ། ཨ་ཁུ་འཇིགས་མེད་རྒྱལ་མཚན་གྱིས་འདི་ལྟ་བུར་ཞིབ་ཏུ་ངོ་སྤྲོད་གནང་བ་ལ་རྗེས་སུ་ཡི་རང་དང་སྨོན་པ་ཤོར། འདི་ལྟ་བུ་ལུང་རིགས་ཀྱིས་ངོ་འཕྲོད་ཅིང་། དོན་དངོས་ལས་ར་སྤྲོད་པའི་དཔེ་ཆ་ཤིན་ཏུ་ཉུང་། དེ་ནི་ཨ་ཁུ་འཇིགས་མེད་རྒྱལ་མཚན་གྱི་ཞིབ་འཇུག་གི་འབྲས་བུ་ཡིན་ལ། ཁོང་གིས་ཞིབ་འཇུག་འདི་ལ་དུས་ཚོད་དང་ལས་ཚེགས། དཀའ་ངལ་མང་བོ་ཞིག་མྱངས་པའང་ཞར་ལ་མཐོང་ཡོང་།
ངས་ཁོང་ལ་ཁྱོད་ཀྱིས་སྟག་རི་རི་བོ་རྩེ་ལྔ་འདི་ལ་ཇི་ལྟར་ཞིབ་འཇུག་བྱས་པ་ཡིན་ཞེས་དྲིས་པ་ལ་ཁོང་གིས། ཐོག་དང་བོར་ཤིང་བཟའ་རྡོ་རྗེ་འཆང་གི་བྲག་དགོན་གྱི་གནས་ཡིག་ལས་དོ་སྣང་བྱས་ཤིང་། མི་མང་བོ་ལ་བརྩད་བཅད་པས་ཤེས་མཁན་དཀོན། ༢༠༡༨ལོར་གང་དུ་ཡོད་པའི་གནས་གསལ་བོར་ཤེས་ཤིང་། ༢༠༢༡ལོའི་ཧོར་ཟླ་དང་བོའི་ནང་ཆེད་དུ་སོང་ནས་མཇལ་སྐོར་དང་ཞིབ་འཇུག་བྱས་པས་ངོ་འཕྲོད་དེ།དེ་ནས་རིམ་བཞིན་འབྲེལ་ཡོད་ཡིག་ཚང་མང་བོ་བཀླགས་ཤིང་དཔྱད་དེ། དེབ་ཆུང་འདི་བྲིས་པ་ཡིན་གསུངས།
ཁོང་ནི་རྭ་རྒྱ་དགོན་པའི་དགེ་བཤེས་སྔོན་མའི་གྲས་ཡིན་པས་སྔོན་ཆད་སློབ་མ་མང་བོ་བསྐྱངས་མྱོང་ནའང་། ད་ལྟ་སློབ་གསོ་དང་དཔལ་འབྱོར་སོགས་མང་ཚོགས་ཀྱི་དོན་དུ་ཁོམ་མེད་པས་གཞན་དག་གིས་ཁོང་རྭ་རྒྱ་དགོན་པའི་དགེ་བཤེས་ཤིག་ཡིན་པ་ཡོངས་སུ་བརྗེད་ནའང་། དེབ་ཆུང་འདི་ལས་ཁོང་གི་རྣམ་དཔྱོད་མངོན་འདུག
ངས་སྔ་རྗེས་སུ་ཁོང་གི་དེབ་འདི་ཐེངས་བཞི་ལ་བཀླགས་ཤིང་། རྒྱ་འགྱུར་མ་ཐེངས་གཅིག་ལ་བཀླགས།བཀླགས་རྗེས་སུ་ཡིད་ལ་དྲན་པ་ནི་བོད་ཀྱི་རི་བོ་རྩེ་ལྔ་སྟེ། སྟག་རི་རི་བོ་རྩེ་ལྔ་འདིར་ཐེངས་གཅིག་མཇལ་ན་སྙམ་པ་དེ་ཡིན། དེ་དང་མཉམ་དུ་ཀློག་པ་བོ་གང་མང་ཞིག་གིས་དེབ་ཆུང་འདི་བཀླགས་ནས་བོད་ཀྱི་རི་བོ་རྩེ་ལྔ་འདིར་རྒྱུས་ལོན་དང་། རྣལ་འབྱོར་བ་དག་གིས་སྔོན་གྱི་སྐྱེས་ཆེན་དམ་པ་དེ་དག་གིས་བྱིན་གྱིས་བརླབས་ཤིང་།
ཉམས་རྟོགས་བརྡོལ་བའི་གནས་དེར་སྒྲུབ་པ་རེ་གནང་ན་དགེ་མཚན་ཆེ་སྙམ་པ་དེ་ཡིན། གལ་ཏེ། ཁྱོད་ཀྱིས་དོན་ངོ་མར་སྟག་རི་རི་བོ་རྩེ་ལྔ་སྟེ། བོད་ཀྱི་རི་བོ་རྩེ་ལྔ་འདི་ག་འདྲ་ཞིག་ཡིན་པ་ཞིབ་ཏུ་ཤེས་འདོད་ན་ཨ་ཁུ་འཇིགས་མེད་རྒྱལ་མཚན་གྱིས་བརྩམས་པའི་ཞིབ་འཇུག་དང་ངོ་སྤྲོད་ཟུང་དུ་འབྲེལ་བའི་དེབ་ཆུང་འདི་ལ་གཟིགས་ཆོག

དེ་བས་ང་ཚོས་ཨ་ཁུ་འཇིགས་མེད་རྒྱལ་མཚན་གྱི་སྟག་རི་རི་བོ་རྩེ་ལྔའི་མཚམས་སྦྱོར་མདོར་བསྡུས་འདིར་བལྟ་བར་བྱ་སྟེ། སྟག་རི་རི་བོ་རྩེ་ལྔའི་གནས་འདི་ལ་རྩེ་ལྔ་དང་ཕུག་ལྔ། གནས་རི་དང་། རི་ཁྲོད། རང་བྱུང་བྲག་གསུམ། གནས་ཆེན་བཅུ་གསུམ་དང་། ལྷ་ཁང་གསུམ་དང་། གནས་ངོ་མཚར་བ་བཅུ་གསུམ་ཡོད་པ་མཐོང་།
རྩེ་ལྔ་ནི་དབུས་རིའི་རྩེ་དང་། ལྷོ་རིའི་རྩེ། ནུབ་རིའི་རྩེ། བྱང་རིའི་རྩེ། ཤར་རིའི་རྩེ་བཅས་ལྔ་ཡིན་ལ། དབུས་རི་རྗེ་བཙུན་བྱམས་པ་མགོན་པོའི་གནས། ལྷོ་རི་སངས་རྒྱས་ཤཱཀྱ་ཐུབ་པའི་གནས། ནུབ་རི་འཕགས་པ་ཀུན་ཏུ་བཟང་བོའི་གནས། བྱང་རི་འཕགས་པ་སྤྱན་རས་གཟིགས་ཀྱི་གནས། ཤར་རི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས་སུ་ངོས་འཛིན། ཕུག་ལྔ་ནི་བྱང་རིའི་ནུབ་རྒྱབ་ཀྱི་བདེ་མཆོག་སྒྲུབ་ཕུག བྱང་རིའི་ངོས་ཀྱི་བྱམས་པའི་སྒྲུབ་ཕུག ཤར་རིའི་ངོས་ཀྱི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག མཐིལ་གྱི་དཔལ་མགོན་སྒྲུབ་ཕུག འབྲུག་རིའི་ངོས་ཀྱི་ཕྱག་རྡོར་སྒྲུབ་ཕུག་བཅས་སུ་ངོས་འཛིན།
གནས་རི་དང་། རི་ཁྲོད། རང་བྱུང་བྲག་གསུམ་ནི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་གནས། དབེན་གནས་བྲག་དགོན་རི་ཁྲོད། བྱམས་མགོན་རང་བྱོན་འབྱོན་པའི་བྲག་དང་། ལྷ་ཁང་གསུམ་ནི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་ལྷ་ཁང་། སྤྱན་རས་གཟིགས་བུ་སྦྱིན་གྱི་ལྷ་ཁང་། ལྷ་མོ་སྐུལ་བྱེད་མའི་ལྷ་ཁང་བཅས་ཡིན།
གནས་ངོ་མཚར་བ་བཅུ་གསུམ་ནི་ཚངས་དབྱངས་བཞུགས་ཁྲི་དང་ཀླུ་སྒྲུབ་རལ་བ། དགའ་ལྡན་ཟམ་པ། མཆོད་རྟེན་རྣམ་བརྒྱད། བདུད་རྩི་ཆུ་མིག ཀླུ་རྒྱལ་ཇ་སྡོང་། ཀླུ་དབང་ཕོ་བྲང་། གཞི་བདག་ལྷ་ཁང་། དྲང་སྲོང་སྒྲུབ་ཕུག ཁྲུས་ཆུ་སྟོང་འབབ། སྟོང་སྐུའི་ལྷ་ཁང་། བྱམས་པའི་རི་བོ། རྒྱལ་ཆེན་ལྷ་ཁང་བཅས་ཡིན།
དེབ་ཆུང་འདིར་ལྟ་བཞིན་དུ་སྟག་རི་རི་བོ་རྩེ་ལྔར་དངོས་སུ་མཇལ་བ་ལྟ་བུའི་སྣང་བ་བྱུང་ལ། ཨ་ཁུ་འཇིགས་མེད་རྒྱལ་མཚན་གྱིས་འདི་ལྟ་བུར་ཞིབ་ཏུ་ངོ་སྤྲོད་གནང་བ་ལ་རྗེས་སུ་ཡི་རང་དང་སྨོན་པ་ཤོར། འདི་ལྟ་བུ་ལུང་རིགས་ཀྱིས་ངོ་འཕྲོད་ཅིང་། དོན་དངོས་ལས་ར་སྤྲོད་པའི་དཔེ་ཆ་ཤིན་ཏུ་ཉུང་། དེ་ནི་ཨ་ཁུ་འཇིགས་མེད་རྒྱལ་མཚན་གྱི་ཞིབ་འཇུག་གི་འབྲས་བུ་ཡིན་ལ། ཁོང་གིས་ཞིབ་འཇུག་འདི་ལ་དུས་ཚོད་དང་ལས་ཚེགས། དཀའ་ངལ་མང་བོ་ཞིག་མྱངས་པའང་ཞར་ལ་མཐོང་ཡོང་།
ངས་ཁོང་ལ་ཁྱོད་ཀྱིས་སྟག་རི་རི་བོ་རྩེ་ལྔ་འདི་ལ་ཇི་ལྟར་ཞིབ་འཇུག་བྱས་པ་ཡིན་ཞེས་དྲིས་པ་ལ་ཁོང་གིས། ཐོག་དང་བོར་ཤིང་བཟའ་རྡོ་རྗེ་འཆང་གི་བྲག་དགོན་གྱི་གནས་ཡིག་ལས་དོ་སྣང་བྱས་ཤིང་། མི་མང་བོ་ལ་བརྩད་བཅད་པས་ཤེས་མཁན་དཀོན། ༢༠༡༨ལོར་གང་དུ་ཡོད་པའི་གནས་གསལ་བོར་ཤེས་ཤིང་། ༢༠༢༡ལོའི་ཧོར་ཟླ་དང་བོའི་ནང་ཆེད་དུ་སོང་ནས་མཇལ་སྐོར་དང་ཞིབ་འཇུག་བྱས་པས་ངོ་འཕྲོད་དེ།དེ་ནས་རིམ་བཞིན་འབྲེལ་ཡོད་ཡིག་ཚང་མང་བོ་བཀླགས་ཤིང་དཔྱད་དེ། དེབ་ཆུང་འདི་བྲིས་པ་ཡིན་གསུངས།
ཁོང་ནི་རྭ་རྒྱ་དགོན་པའི་དགེ་བཤེས་སྔོན་མའི་གྲས་ཡིན་པས་སྔོན་ཆད་སློབ་མ་མང་བོ་བསྐྱངས་མྱོང་ནའང་། ད་ལྟ་སློབ་གསོ་དང་དཔལ་འབྱོར་སོགས་མང་ཚོགས་ཀྱི་དོན་དུ་ཁོམ་མེད་པས་གཞན་དག་གིས་ཁོང་རྭ་རྒྱ་དགོན་པའི་དགེ་བཤེས་ཤིག་ཡིན་པ་ཡོངས་སུ་བརྗེད་ནའང་། དེབ་ཆུང་འདི་ལས་ཁོང་གི་རྣམ་དཔྱོད་མངོན་འདུག
ངས་སྔ་རྗེས་སུ་ཁོང་གི་དེབ་འདི་ཐེངས་བཞི་ལ་བཀླགས་ཤིང་། རྒྱ་འགྱུར་མ་ཐེངས་གཅིག་ལ་བཀླགས།བཀླགས་རྗེས་སུ་ཡིད་ལ་དྲན་པ་ནི་བོད་ཀྱི་རི་བོ་རྩེ་ལྔ་སྟེ། སྟག་རི་རི་བོ་རྩེ་ལྔ་འདིར་ཐེངས་གཅིག་མཇལ་ན་སྙམ་པ་དེ་ཡིན། དེ་དང་མཉམ་དུ་ཀློག་པ་བོ་གང་མང་ཞིག་གིས་དེབ་ཆུང་འདི་བཀླགས་ནས་བོད་ཀྱི་རི་བོ་རྩེ་ལྔ་འདིར་རྒྱུས་ལོན་དང་། རྣལ་འབྱོར་བ་དག་གིས་སྔོན་གྱི་སྐྱེས་ཆེན་དམ་པ་དེ་དག་གིས་བྱིན་གྱིས་བརླབས་ཤིང་།
ཉམས་རྟོགས་བརྡོལ་བའི་གནས་དེར་སྒྲུབ་པ་རེ་གནང་ན་དགེ་མཚན་ཆེ་སྙམ་པ་དེ་ཡིན། གལ་ཏེ། ཁྱོད་ཀྱིས་དོན་ངོ་མར་སྟག་རི་རི་བོ་རྩེ་ལྔ་སྟེ། བོད་ཀྱི་རི་བོ་རྩེ་ལྔ་འདི་ག་འདྲ་ཞིག་ཡིན་པ་ཞིབ་ཏུ་ཤེས་འདོད་ན་ཨ་ཁུ་འཇིགས་མེད་རྒྱལ་མཚན་གྱིས་བརྩམས་པའི་ཞིབ་འཇུག་དང་ངོ་སྤྲོད་ཟུང་དུ་འབྲེལ་བའི་དེབ་ཆུང་འདི་ལ་གཟིགས་ཆོག
ཅེས་ཤེས་རབ་བསྟན་དར་གྱིས་མང་རའི་ཆོས་སྡེ་ཆེན་མོ་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་དུ་༢༠༢༡ལོའི་ཧོར་ཟླ་༨པའི་ཚེས་༢༡ཉིན་གྱི་སྔ་དྲོར་བྲིས་སོ།།
གོང་གསལ་ནང་དོན་ཤེས་རབ་གཡང་དཔེ་མཛོད་ཁང་གི་འཕྲིན་སྟེགས་ལས་བཤུས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།