གནའ་དཔེ་སྲུང་སྐྱོབ་ཀྱི་འཕྲིན་བཟང་།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་།
དུས་ཚོད།:2022-03-16
ཀློག་གྲངས།:
ཀྲུང་གོའི་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚགས་པར་གྱི་སྤྱི་ལོ༢༠༢༢ལོའི་ཟླ༣པའི་ཚེས༨ཉིན་གྱི་གསར་འགྱུར་ལ་གཞིགས་ན། རིག་དངོས་དང་གནའ་དཔེ་ལ་སྲུང་སྐྱོབ་བེད་སྤྱོད་གང་ལེགས་ཡོང་བར་ནུས་ཤུགས་འདོན་རྒྱུ་དེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཁྲོད་ཐོག་མར་བཀོད་ཡོད། ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་། གནའ་དཔེ་སྲུང་སྐྱོབ་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེའང་འཐུས་མི་དང་ཨུ་ཡོན་མང་པོའི་སེམས་ཁོང་ནས་བརྡོལ་བའི་འབོད་སྐུལ་ཆེན་པོ་ཞིག་ཏུ་ཆགས་འདུག
རིག་དངོས་དང་གནའ་དཔེ་སྲུང་སྐྱོབ་བེད་སྤྱོད་གང་ལེགས་ཡོང་བའི་ལས་དོན་རླབས་པོ་ཆེ་འདི་སྒྲུབ་པར་འབད་བརྩོན་བྱེད་དགོས་ཚེ། ཐོག་མར་རིག་གནས་ཀྱི་གདེང་ཚོད་བརྟན་པོ་ཡོང་བ་ཤིན་ཏུ་འགངས་ཆེ་བ་དེའོ།།
ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭའི་ཤེས་རིག་དཔལ་ཡོན་ཟམ་མ་ཆད་པར་བྱུང་ཐུབ་པ་ནི་ཁུང་ཙེའི་གསུང་རབ་དང་། སྨྱུག་རིས་གླེགས་བམ། ཏུན་ཧོང་ཡིག་ཚགས། གཙུག་ལག་ཆེན་མོ་བཞི་སོགས་བསྟན་བཅོས་རིག་གནས་ཕུན་སུམ་འདི་དག་གི་བཀའ་དྲིན་ལས་བྱུང་བ་སྨྲས་མ་དགོས་པ་རེད།
གནའ་དཔེ་ཡིག་ཚགས་ཀྱིས་ཀྲུང་ཧྭའི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཐད་བཏོན་པའི་ནུས་པར་ངོས་འཛིན་གང་ལེགས་ཡོང་ཚེ་གཞི་ནས་དུས་རབས་གསར་པའི་གནའ་དཔེ་སྲུང་སྐྱོབ་དང་བེད་སྤྱོད་ལ་སྐུལ་འདེད་རྨད་དུ་བྱུང་བ་གཏོང་ཐུབ། དེ་བས་རིག་དངོས་གནའ་དཔེ་ལ་སྲུང་སྐྱོབ་བེད་སྤྱོད་དོན་འཁྱོལ་ཡོང་བ་བྱས་ཏེ། དུས་རབས་གསར་པའི་གནའ་དཔེ་དཔེ་སྐྲུན་འགྲེམས་སྤེལ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་གནད་ཀྱི་འགག་རྩ་གཙོ་བོར་གྱུར་ཡོད།
དུས་རབས་གསར་པའི་གནའ་དཔེ་དཔེ་སྐྲུན་འགྲེམས་སྤེལ་ལེགས་པོ་བྱེད་པར་ཐོག་མའི་ཡང་དག་པའི་ཇུས་གཞི་ནས་དབུ་བརྩམས་ཏེ«དཔེ་སྐྲུན་ལས་རིགས་ཀྱི“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད»ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ་གནའ་དཔེ་སྲུང་སྐྱོབ་ལ་དམིགས་ནས་བཟོས་པའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ལྟར། རྒྱལ་ཡོངས་ཀྱི་གནའ་དཔེ་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
དུས་རབས་གསར་པའི་གནའ་དཔེ་དཔེ་སྐྲུན་འགྲེམས་སྤེལ་ལེགས་པོ་བྱེད་པར་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ཏེ་གནའ་དཔེ་དཔེ་སྐྲུན་གྱི་ལས་དོན་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། དུས་རབས་གསར་པའི་ཀློག་པ་པོའི་དགོས་མཁོ་དང་ཁྲོམ་རའི་དགོས་མཁོ་སོགས་ཟུང་འབྲེལ་བྱས་ཏེ། ལས་དོན་འདི་དམངས་ཡོངས་ཅན་དང་ཁྲོམ་ར་ཅན་གྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་གནའ་དཔེ་ཁྲོད་ཀྱི་ཡིག་འབྲུ་ལ་གསོན་ཤུགས་རྒྱས་པ་ལག་ལེན་དོན་ལྡན་ཡོང་བ་བྱེད་རྒྱུ་དེའོ། །དུས་རབས་གསར་པའི་གནའ་དཔེ་དཔེ་སྐྲུན་གྱི་དགོངས་དོན་ལ་གཞིགས་ནས་གནའ་དཔེ་འཚོལ་བསྡུ་དང་དག་སྒྲིག པར་སྐྲུན། འགྲེམས་སྤེལ་བཅས་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་ཤུགས་འདོན་རྒྱུ་དེ་ནི་དུས་རབས་ཀྱིས་བཞག་པའི་འགན་འཁྲི་དང་མི་རིགས་ཀྱིས་གནང་བའི་ལེགས་སྐྱེས་ཡག་ཤོས་དེའོ། །
འབྲེལ་ཡོད་འོས་སྦྱོར།