མཐོ་སྒང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་པ་བསོད་ནམས་རྡོ་རྗེ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-04-26
ཀློག་གྲངས།:
དགུང་ལོ50ལ་སླེབས་པའི་བསོད་ནམས་རྡོ་རྗེ་ལགས་ནི་ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་རེད། ཁོང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་ཧོ་རྫོང་དུ་འཁྲུངས་པ་དང་། སྤྱི་ལོ1998ལོར་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས་ཐོབ་རྗེས། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་ཡིག་སྒྱུར་དང་རྩོམ་སྒྲིག ཞིབ་འཇུག་བཅས་ཀྱི་བྱ་བ་སྤེལ་བ་དང་། རྗེས་སུ་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་བྱ་བའི་ནང་ཞུགས་པ་རེད།
རིག་རྩལ་བྱ་བ་སྤེལ་ནས་ལོ20ལྷག་ཙམ་སོང་རིང་། བསོད་ནམས་རྡོ་རྗེ་ལགས་ནས་དམངས་ཁྲོད་རིག་རྩལ་སྔོག་འདོན་ལེགས་སྒྲིག་གི་ལས་ལ་གཞོལ་ནས«ཀྲུང་གོའི་ཐང་གའི་རིག་གནས་ཡིག་ཚགས»ཀྱི་ཡོངས་ཁྱབ་ཞིབ་བཤེར་དང་། «ཀྲུང་གོའི་དམངས་ཁྲོད་རྩོམ་རིག་གི་ཚན་ཁག་ཆེ་མོ·མཚོ་སྔོན་གྱི་བམ་པོ»ཞེས་པའི་སྡུད་སྒྲིག་ལས་དོན་དུས་ཡུན་རིང་པོ་གཉེར་བ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་རིག་གཞུང་དཔྱད་རྩོམ30ལྷག་ཙམ་དང་། སྡུད་སྒྲིག་ཁག10ལྷག་ཙམ་སྤེལ་ཡོད། ཁོང་གིས་རེབ་གོང་སྒྱུ་རྩལ་དང་དམངས་ཁྲོད་གླུ་གར་སྒྲིག་འཛུགས་ཐེངས་མང་བྱས་ནས་རྒྱལ་ཡོངས་རང་བཞིན་གྱི་རིག་རྩལ་འགྲེམས་འཁྲབ་ནང་ཞུགས་པ་དང་། བརྩམས་ཆོས་བདམས་སྐྱེལ་བྱས་པར་བྱ་དགའ་གལ་ཆེན་ཁག30ལྷག་ཙམ་ཐོབ་པ་དང་། དེའི་ནང་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་རི་སྐྱེས་མེ་ཏོག་བྱ་དགའ་ཁག8ཚུད་ཡོད་པ་རེད།
བསོད་ནམས་རྡོ་རྗེ་ལགས་ཀྱི་ཇུས་འགོད་འོག མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་མཚོ་སྔོན་གྱི་དམངས་ཁྲོད་རིག་རྩལ་ལག་ཤེས་པའི་སྙིང་སྟོབས་ཐད་གཏོང་འགྲེམ་སྟོན་འོས་སྦྱོར་བྱེད་སྒོ་དེ་སྤྱི་ལོ2021ལོའི་ཟླ7པར་བཀྲ་ཤིས་རྒྱལ་མཚན་གྱི་རིག་གནས་གསར་གཏོད་ཀུང་སི་རུ་སྤེལ་མགོ་ཚུགས་པ་དང་། མཚོ་སྔོན་གྱི་འཚེམ་དྲུབ་དང་། ཤོག་དྲས་མ། སོ་ནམ་པ་ཡི་རི་མོ། ཐང་ག་བཅས་ཀྱི་བརྗོད་དོན་གཙོ་བོ་བྱེད་པའི་ཐད་གཏོང་འོས་སྦྱོར་ཐེངས4བྱས་པ་དེས་བྱེད་སྒོའི་ནང་ཞུགས་མཁན་མི་ཁྲི་ཕྲག་ཁ་ཤས་ཀྱི་ཡིད་དབང་འཕྲོག་ཡོད་པ་རེད།ཉེ་ལམ། བསོད་ནམས་རྡོ་རྗེ་ལགས་ལ་རྒྱལ་ཡོངས་ཀྱི་གཞོན་དར་སྤྱོད་རྩལ་གཉིས་ལྡན་གྱི་རིག་རྩལ་ལས་དོན་པའི་མཚན་སྙན་ཐོབ་པ་རེད། བསོད་ནམས་རྡོ་རྗེས་གཟི་བརྗིད་མཚན་སྙན་འདིས་ང་མུ་མཐུད་དུ་འབད་འབུངས་བྱེད་པར་སྐུལ་མ་བཏང་བྱུང་། ངས་མུ་མཐུད་དུ་མཚོ་སྔོན་གྱི་དམངས་ཁྲོད་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་འོས་སྦྱོར།