༄༅། །མཚོ་སྔོན་གྱིས་བོད་ལུགས་གསོ་རིག་ལ་བྱས་རྗེས་ཆེན་པོ་བཞག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2022-07-01
ཀློག་གྲངས།:
ཟླ6པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དོ་དམ་ཅུས་ཀྱི་ཅུས་ཀྲང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞིར་མ་དངུལ་འབོར་ཆེན་བཏང་ནས། རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་གི་ཆེད་མཁས་པ་རྒན་གྲས་ཀྱི་རྒྱུན་འཛིན་ལས་དོན་ཁང16བསྐྲུན་པ་དང་། བོད་ལུགས་གསོ་རིག་གི་དཔེ་རྙིང་ཁག2000ལྷག་ཙམ་མྱུར་སྐྱོབ་འཚོལ་བསྡུ་བྱས་ལ། རིམ་པ་ཁག་གི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གིས་སྔོན་འགོག་དང་། ལུས་ཁམས་བདེ་སྲུང་། ལུས་གསོ། དྲག་སྐྱེད་བཅས་ཐད་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས།
དོན་གྲུབ་ཀྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“མཚོ་སྔོན་གྱི་ལོ་བཅུ”ཡི་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོང་གསལ་ནང་དོན་ཁག་ངོ་སྤྲོད་བྱས་པ་རེད།
དོན་གྲུབ་ཀྱིས་བརྗོད་དོན། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གིས་གཙོ་བོ་བྱས་པ་དང་། ཕྱོགས་བསྡུས་སྨན་ཁང་སོགས་དེ་མིན་གྱི་སྨན་ཁང་གི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཚན་ཁག་གིས་རྐང་འཛིན་བྱས་ཤིང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་རྨང་གཞི་བྱས་ལ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྒོ་བསྟེན་ཁང་དང་སྨན་བཅོས་ཁང་གིས་ཁ་གསབ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པ་བཅས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཡོངས་སུ་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་བཅས་ཀྱི་གཞུང་བཙུགས་སྨན་ཁང42བཙུགས་ཡོད་ཅིང་། དེས་ཞིང་ཆེན་དེ་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་བསྡོམས་འབོར་གྱི39.3%བཟུང་ཡོད། རྒྱལ་ཁབ་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག(ཀྲུང་ལུགས་གསོ་རིག)4དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག20དང་། གཙོ་གནད་རིག་ཚན8དང་། ཞིང་ཆེན་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གཙོ་གནད་ཆེད་ལས་ཚན་ཁག་བཙུགས་པའི་ལས་ཁུངས83བཅས་ཡོད་པ་དེའི་ནང33ཞིབ་བཤེར་རྩིས་ལེན་བྱས་ཡོད་པ་རེད།
དོན་གྲུབ་ཀྱིས་བརྗོད་དོན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞིར་མ་དངུལ་འབོར་ཆེན་བཏང་ནས། སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་དང་། གཙོ་གནད་ཆེད་ལས་ཚན་ཁག ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཡོད། 2018ལོར་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་དང་ཞིང་ཆེན་བོད་སྨན་ཁང་དེ་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་ལས་གྲྭའི་འཛུགས་སྐྲུན་འཆར་འགོད་ནང་བཅུག་པ་དང་། 2021ལོར་རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ་གྱི་བོད་སྨན་ཁང་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་གཙོ་གནད་སྨན་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལས་ཁུངས་སུ་བདམས་ཡོད། ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་ལ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་གི་རིམས་ནད་འགོག་བཅོས་རྟེན་གཞི་འཛུགས་སྐྲུན་ལས་ཁུངས་སུ་ཆོག་མཆན་ཐོབ་པར་མ་ཟད། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་ལྟེ་གནས་ཀྱི་སྐྱེད་སྲིང་ལས་ཁུངས་ཀྱི་གྲས་སུ་བཅུག
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་བཟུང་མཚོ་སྔོན་གྱིས་དམིགས་བསལ་ཁྱད་ཆོས་ལྡན་པའི་ཀྲུང་ལུགས་གསོ་རིག་གི་སྨན་པ་དཀའ་བཅུ་པའི་ཐོབ་ཐང་དཔྱད་ཞིབ་ཐེངས3བྱས་པ་དང་། ཁྱོན་མི37ལ་དཔྱད་ཞིབ་ཐོབ་ཐང་སྤྲད་ཅིང་། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་གི་ཆེད་མཁས་པ་རྒན་གྲས་ཀྱི་རྒྱུན་འཛིན་ལས་དོན་ཁང16དང་། རྒྱལ་ཡོངས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་གི་ཆེད་མཁས་པ་རྒན་གྲས་ཀྱི་རྒྱུན་འཛིན་ལས་དོན་ཁང27དང་། ཞིང་ཆེན་རིམ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལས་དོན་ཁང26བཅས་བཙུགས་ཡོད། ཁག་ལྔ་པ་དང་། ཁག་དྲུག་པ། ཁག་བདུན་པ་བཅས་ཀྱི་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་གི་ཆེད་མཁས་པ་རྒན་གྲས་ཀྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་ལས་དོན་སྤེལ་ནས། རྒྱུན་འཛིན་པ་མི70གསོ་སྐྱོང་བྱས་ལ། ཁག་གསུམ་པའི་ཞིང་ཆེན་རིམ་པའི་བོད་ལུགས་གསོ་རིག་གི་ཆེད་མཁས་པའི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་ལས་དོན་སྤེལ་ནས། རྒྱུན་འཛིན་པ་མི78གསོ་སྐྱོང་བྱས།
“མཚོ་སྔོན་ཞིང་ཆེན་གྱིས་བོད་ལུགས་གསོ་རིག་གི་དཔེ་རྙིང་རིགས2000ལྷག་ཙམ་མྱུར་སྐྱོབ་འཚོལ་བསྡུ་བྱས་ཤིང་། བོད་ལུགས་གསོ་རིག་གི་དཔེ་རྙིང་སྣ་ཁ1700ལྷག་ཙམ་ལེགས་སྒྲིག་དཔེ་སྐྲུན་བྱས་པ་དང་། «བོད་ལུགས་གསོ་རིག་གི་ཚད་ལྡན་ཡིག་ཆ་ཕྱོགས་བསྡུས་དཔེ་ཚོགས»དང་། «བོད་ལུགས་གསོ་རིག་བསྟན་བཅོས་ཆེན་མོ»དང«རྒྱུད་བཞིའི་སྨན་ཐང་འགྲེལ་བཤད»སོགས་བོད་ལུགས་གསོ་རིག་གི་ཚད་ལྡན་ཡིག་ཆ་གལ་ཆེན་ལེགས་སྒྲིག་དང་དཔེ་སྐྲུན་བྱས། བོད་ལུགས་གསོ་རིག་གི་ཚད་ལྡན་ཡིག་ཆ20ལྷག་ཙམ་ཡིག་སྒྱུར་དང་དཔེ་སྐྲུན་བྱས་ལ། བོད་ལུགས་གསོ་རིག་གི་རིག་གཞུང་བསམ་བློ་དང་སྨན་བཅོས་ལག་རྩལ་རྙིང་པ6རྒྱུན་འཛིན་དང་ལེགས་སྒྲིག་བྱས་པས། བོད་ལུགས་གསོ་རིག་གི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད”ཅེས་དོན་གྲུབ་ཀྱིས་དེ་ལྟར་ངོ་སྤྲོད་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ«བོད་ལུགས་གསོ་རིག་གི་རྒྱུན་མཐོང་ནད་ཀྱི་ནད་བརྟག་སྨན་བཅོས་ཚད་ལྡན་དང་སྨན་བཅོས་ཕན་འབྲས་ཀྱི་ཚད་གཞི»དང«བོད་ལུགས་གསོ་རིག་གི་གཞི་རྩའི་ཐ་སྙད་བོད་རྒྱ་ཤན་སྦྱར་ཚིག་མཛོད»སོགས་བོད་ལུགས་གསོ་རིག་ལས་རིགས་ཀྱི་ལག་རྩལ་དང་རྨང་གཞིའི་ཚད་གཞི་བཟོས་པ་དང་འབྲེལ་ལག་བསྟར་བྱས་པ་རེད་ཅེས་བསྟན།
དོན་གྲུབ་ཀྱིས་ངོ་སྤྲོད་བྱས་དོན། མཚོ་སྔོན་གྱི་རིམ་པ་ཁག་གི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་ཁང་གིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྔོན་འགོག་དང་། ལུས་ཁམས་བདེ་སྲུང་། ལུས་གསོ། དྲག་སྐྱེད་བཅས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་སྔོན་འགོག་དང་ལུས་ཁམས་བདེ་སྲུང་གི་ཞབས་ཞུ་སྤེལ་བ་རེད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱེད་པའི་བརྒྱུད་རིམ་ནང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ཤིང་། གཅོང་ནད་དང་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་དོ་དམ་ཁྲོད་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གཟུགས་གཞི་དབྱེ་འབྱེད་དང་བདེ་ཐང་ཞབས་ཞུ་སྤེལ་ལ། ཞིང་ཆེན་ཡོངས་ཀྱི་རྒན་རྒོན་དང་བྱིས་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་དོ་དམ་བྱེད་ཚད་སོ་སོ84.39%དང80.64%ཟིན་ཡོད་ཅེས་བསྟན།

འབྲེལ་ཡོད་འོས་སྦྱོར།