བོད་ལུགས་གསོ་རིག་གིས་བོད་ལྗོངས་ཀྱི་རེས་སྐོར་འདིའི་རིམས་ནད་འགོག་སྡོམ་ཁྲོད་ནུས་པ་འདོན་སྤེལ་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-08-24
ཀློག་གྲངས།:
ཟླ8པའི་ཚེས20ཉིན་གྱི་དགོང་མོར། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང(གཤམ་དུ་སྨན་རྩིས་ཁང་ཞེས་བསྡུ་རྒྱུ)གིས་སྣེ་ཁྲིད་པ་དང་ཁྲེང་ཏུའུ་རུ་བཅའ་སྡོད་བྱས་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་སྨན་ཁང(གཤམ་དུ་ཁྲིན་སྡོད་དོན་བྱེད་སྨན་ཁང་ཞེས་བསྡུ་རྒྱུ)གིས་ཐུན་མོང་ཐོག་དོ་དམ་བྱེད་པའི་ལྷ་ས་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་གཉིས་པར་ནད་པ་དངོས་སུ་བསྡུ་བཅོས་བྱས་པ་རེད། ཤེས་གསལ་ལྟར་ན། སྒྲོམ་ཚང་སྨན་ཁང་དེས་བོད་ལུགས་གསོ་རིག་དང་བོད་སྨན་སྨན་བཅོས་གཙོ་བོར་བྱེད་པ་དང་། བོད་ལུགས་གསོ་རིག་དང་ཕྱི་རྒྱལ་གྱི་སྨན་བཅོས་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱོད་པ། བོད་སྨན་གྱི་སྨན་མཛོད་ཁང་སྒྲིག་སྦྱོར་བཅས་བྱས་ཏེ། ཚད་ངེས་ཅན་ཞིག་གི་ཐོག་ནས་རང་གཤིས་ཅན་གྱི་སྨན་སྤྱོད་དགོས་མཁོ་བསྐངས་ཡོད།
བོད་ལུགས་གསོ་རིག་ནི་ཀྲུང་ཧྭའི་སྲོལ་རྒྱུན་གསོ་རིག་གི་གྲུབ་ཆ་གལ་ཆེན་ཡིན་ལ། འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཆེན་པོ་བཞིའི་གྲས་ཤིག་ཀྱང་ཡིན་པར་ད་ལྟའི་བར་ལོ་ངོ3800ལྷག་གི་ལོ་རྒྱུས་ལྡན་ཡོད།
ཤེས་གསལ་ལྟར་ན། 2020ལོའི་ཟླ2པ་ནས་བཟུང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཆེད་མཁས་པ་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ། བོད་ལུགས་གསོ་རིག་དང་བོད་སྨན་གྱིས་པྲོག་དབྱིབས་ནད་དུག་འགོས་པའི་གློ་ཚད་སྔོན་འགོག་བྱེད་པའི་ཚན་རིག་ཞིབ་འཇུག་ལས་དོན་བཀོད་སྒྲིག་བྱས་པ་རེད།
རིམས་ནད་བྱུང་བ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ«བོད་རང་སྐྱོང་ལྗོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་འགོག་བཅོས་བྱེད་པའི་ཇུས་གཞི»གཉིས་བཟོས་ནས་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ནད་རྐྱེན་དང་། སློང་རྐྱེན། འགོས་ལམ། ནད་རྟགས་གཙོ་བོ། རམ་འདེགས་ཞིབ་བཤེར། འགོག་བཅོས་བྱ་ཐབས་སོགས་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད། ད་ལོར«བོད་རང་སྐྱོང་ལྗོངས་ཀྱི་པྲོག་གསར་གློ་ཚད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འགོག་བཅོས་ཇུས་གཞི(ཚོད་ལྟའི་པར་གཞི་གཉིས་པ)»ཡི་རྨང་གཞིའི་ཐོག རིམས་ནད་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་ཚུལ་ལ་གཞིགས་ཏེ«བོད་རང་སྐྱོང་ལྗོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི(ཚོད་ལྟའི་པར་གཞི་གསུམ་པ)»བཟོས་ནས་དཔར་འགྲེམས་བྱས་པ་རེད།
རེས་སྐོར་འདིའི་རིམས་ནད་འགོག་སྡོམ་གྱི་བརྒྱུད་རིམ་ཁྲོད། ལྷ་ས་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་གིས«པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྨན་བཅོས་ཇུས་གཞི(ཚོད་ལྟའི་པར་གཞི་དགུ་པ)»དང«བོད་རང་སྐྱོང་ལྗོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་གསར་པ(ཚོད་ལྟའི་པར་གཞི་གསུམ་པ)»ཟུང་འབྲེལ་བྱས་པ་གཞིར་བཟུང་། པྲོག་གསར་ནད་དུག་འགོས་མཁན་ལ་སྨན་བཅོས་བྱས་པ་རེད།
ཟླ8པའི་ཚེས15ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོགས་སྡོམ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བདུན་པའི་ཐོག བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ལུགས(བོད)ཕྱི་ལུགས་མཉམ་འདྲེས་ཀྱི་སྐྱོབ་བཅོས་ལམ་སྲོལ་བཙུགས་ནས། ཀྲུང་ལུགས(བོད་ལུགས)གསོ་རིག་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱེད་པ་དང་། བོད་ལུགས་གསོ་རིག་ལས་རིགས་ཀྱི་རྒྱལ་ཁབ་གསོ་རིག་དགེ་རྒན་ཆེན་མོ་སྒྲིག་འཛུགས་བྱས་ཏེ། བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་གསར་ཤོས་ཞིབ་འཇུག་དང་ཞིབ་བཤེར་གཏན་འབེབས་བྱེད་པ་དང་། བོད་ལུགས་གསོ་རིག་གི་ཆེད་མཁས་པའི་ནད་དཔྱད་ལམ་སྲོལ་བཙུགས་ནས་ནད་གཞི་མི་འདྲ་བར་རིགས་དབྱེའི་མཛུབ་ཁྲིད་དང་རིགས་དབྱེ་སྨན་བཅོས་བྱས་ཏེ། ཕྱི་ལུགས་སྨན་བཅོས་དང་བོད་ལུགས་སྨན་བཅོས་ལ་འཚམ་པ་སོ་སོར་རིགས་དབྱེ་ནས་མཐུན་སྦྱོར་སྨན་བཅོས་བྱེད་དགོས་པ་བསྟན།
རྒྱུས་ལོན་བྱུང་བ་ལྟར་ན། ཟླ8པའི་ཚེས20ཉིན་གྱི་ཆུ་ཚོད24བར་བོད་རང་སྐྱོང་ལྗོངས་སུ་ནད་པ40དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད་པ་དང་ནད་རྟགས་མེད་པའི་ནད་པ613ལོགས་བཀར་གསོ་རིག་ལྟ་ཞིབ་དུས་རྒྱ་ལས་བཀྲོལ་བ་རེད། ཟླ8པའི་ཚེས21ཉིན། ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་གི་ནད་རྟགས་མེད་པའི་ནད་པ་དང་ནད་གཞི་ཡང་བའི་ནད་པ206ཕྱིར་བུད་པ་དང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་དང་པོའི་ནད་པ117ཕྱིར་བུད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
[ གསོ་རིག་གཞུང་ལུགས།]
བོད་ལུགས་གསོ་རིག་གིས་བོད་ལྗོངས་ཀྱི་རེས་སྐོར་འདིའི་རིམས་ནད་འགོག་སྡོམ་ཁྲོད་ནུས་པ་འདོན་སྤེལ་བྱས་པ།
སྒྲོམ་ཚང་སྨན་ཁང་དེས་བོད་ལུགས་གསོ་རིག་དང་བོད་སྨན་སྨ...