བོད་སྨན་སྐོར་གྱི་གཏམ་བཟང་ཞིག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-02-02
ཀློག་གྲངས།:
ཉིན་ཤས་གོང་། བོད་སྨན་ཚད་གཞིའི་ལོ་གསུམ་བྱ་སྤྱོད་འཆར་གཞིའི་ཞིབ་བཤེར་རྩིས་ལེན་ཚོགས་འདུ་དེ་ལྷ་སར་འཚོགས་ཡོད། ཚོགས་འདུའི་ཐོག་བོད་སྨན་རིགས152ཀྱི་ཚད་གཞིའི་ཞིབ་འཇུག་ལེགས་གྲུབ་བྱུང་བ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེ་ནང་ས་གནས་ཀྱི་ཚད་གཞི་ཁག112ཡོད་པ་དེ་རྣམས་སྤྱི་ལོ2023ལོའི་ཟླ་བ་དང་པོ་ནས་ལག་བསྟར་བྱེད་མགོ་བཙུགས་ཤིང་། བོད་སྨན་གྱི་སྨན་རྒྱུ་དང་། བོད་སྨན་སྨན་ཐུན། བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་སྦྱོར་སྡེའི་ཚད་གཞི་སོགས་དང་འབྲེལ་བ་ཡོད་པ་དང་། བྱུར་དམར་བདུན་ཅུ་དང་། གངས་ལྷ་མེ་ཏོག་སོགས་བོད་སྨན་གྱི་སྨན་རྒྱུ་ཁག40དང་། བོད་སྨན་སྨན་བཟོས་ཀྱི་རྒྱལ་ཁབ་ཚད་གཞི་གོ་རིམ་ལྟར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ལ་ཞིབ་བཤེར་གཏན་འབེབས་བྱེད་པར་ཡར་ཞུ་བྱས་ཡོད་པ་རེད།
ཞིབ་བཤེར་རྩིས་ལེན་ཚོགས་འདུའི་ཐོག་ཏུ། ཆེད་མཁས་ཚོགས་ཆུང་གིས། བོད་སྨན་གྱི་ཚད་གཞིའི་ལོ་གསུམ་བྱ་སྤྱོད་འཆར་གཞི་ནི་བོད་ལུགས་གསོ་རིག་གི་སྨན་བཅོས་དང་། བོད་སྨན་ཐོན་ལས་འཕེལ་རྒྱས་ཚད་ལྡན་ཅན་གྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་དམིགས་པ་ཞིག་ཡིན་པ། དེའི་ཞིབ་འཇུག་བྱ་ཐབས་ལག་ལེན་ཐུབ་པ་དང་ཞིབ་འཇུག་བརྒྱུད་རིམ་ཚད་ལྡན་ཡིན་པས། སླད་ཕྱིན་བོད་ལུགས་གསོ་རིག་གི་སྤུས་ཚད་ཀྱི་ཚད་གཞིར་ཞིབ་འཇུག་བྱེད་པའི་དཔེ་སྟོན་གྱི་ནུས་པ་ཐོན་ངེས་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཏང་འཛུགས་ཀྱི་ཧྲུའུ་ཅི། ཅུས་ཀྲང་གཞོན་པ་ཀུའོ་ནེ་ཞུང་གིས། བོད་སྨན་ཚད་གཞིའི་ལོ་གསུམ་བྱ་སྤྱོད་འཆར་གཞི་བདེ་བླག་ངང་ལག་བསྟར་བྱས་ནས། བོད་སྨན་ཚད་ལྡན་ཅན་དང་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གི་སྤུས་ཚད་འཕེལ་རྒྱས་འགྲོ་བར་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅིང་། ང་ཚོས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་དང་། རྒྱུན་འཛིན་དང་གསར་གཏོད་མཉམ་འཛིན། ཚན་ཞིབ་དང་ཁེ་ལས་མཉམ་འབྲེལ། བོད་ལུགས་གསོ་རིག་དང་བོད་སྨན་མཉམ་འབྲེལ། ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། མདུན་ལམ་ཆེ་བ། ཁྲོམ་རར་དགོས་མཁོ་ཆེ་བ་བཅས་ཀྱི་བོད་ཅེས་པའི་ཡི་གེ་ལྡན་པའི་སྨན་རྒྱུའི་ཚད་གཞི་བཟོ་དགོས་ཤིང་། བོད་ལྗོངས་ཀྱི་གསོ་བ་རིག་པའི་མཚོན་བྱེད་དུ་གྱུར་བའི་ཁམས་གསོ་ཚོ་བྱང་གི་ཐོན་རྫས་ཀྱི་ཚད་གཞི་གསར་པ་ཞིག་གཏན་འབེབས་བྱེད་པ། སྨན་བཅོས་སྒྲིག་གཞིའི་སྨན་རྫས་གཅིག་གྱུར་ཚད་གཞི་ཁག་ཅིག་གསར་དུ་བཟོ་བ། ད་ཡོད་ཀྱི་ཚད་གཞི་ཁག་གཅིག་འཐུས་ཚང་དུ་བཏང་ནས«བོད་སྨན་ཚད་གཞི་ཁག95»བཟོ་བཅོས་བརྒྱབ་ནས་ཇེ་ལེགས་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། ཚད་གཞིའི་གྲུབ་འབྲས་དྲིལ་བསྒྲགས་དང་། གཞན་སྒྱུར། བེད་སྤྱོད། ལྟ་སྐུལ་དོ་དམ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཚད་གཞི་དེས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས། བོད་སྨན་གྱི་སྤུས་ཚད་སྔར་བས་མཐོ་བ་དང་སྨན་ནུས་དེ་བས་ལེགས་པོ་ཡོང་བ་འགན་སྲུང་མབྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཞབས་འདེགས་ཞུ་དགོས་ཞེས་བརྗོད་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།