མཚོ་ལྷོ་ཁུལ་དུ་གེ་སར་སྒྲུང་དཔེ་ལག་བྲིས་མ་ཞིག་གསར་རྙེད་བྱུང་།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-03-16
ཀློག་གྲངས།:
ཉེ་ཆར། མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་གེ་སར་ཞིབ་འཇུག་གཞུང་ལས་ཁང་གི་ཀྲུའུ་རེན་ནམ་རྒྱལ་ཁབ་ཀྱི་འཁྲབ་སྟོན་པ་རིམ་པ་གཉིས་པ་གནམ་ལྷ་འབུམ་གྱིས་རང་གི་ཨ་མྱེས་ཀྱིས་བཞག་པའི་ཤུལ་བཞག་གེ་སར་སྒྲུང་དཔེ་ལག་བྲིས་མ«མཁའ་འགྲོ་ལྷ་ལྕམ་བཟང་མོའི་སྐྱེས་རབས་རྣམ་པར་ཐར་བ་ཤ་ཟན་གདུང་དམར་འདུལ་བའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ»ཞེས་པ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ལ་དཔེ་སྤྱིན་གནང་། སྒྲུང་དཔེ་དེའི་ནང་གེ་སར་རྒྱལ་པོས་བྱང་ཕྱོགས་སུ་བདུད་འདུལ་བའི་གཏམ་རྒྱུད་ཅིག་ཡིན་ལ། སྐད་ཆ་གོ་སླ་ཞིང་གཏམ་རྒྱུད་ཀྱི་བྱུང་རིམ་གོ་རིམ་ལྡན་པ་དང་། སྒྲིག་གཞི་ཅུང་ཁ་ཚང་ཅན་ཞིག་རེད།
ཞིབ་འཇུག་མི་སྣས་སྒྲུང་དཔེ་ལ་གཟིགས་བཞིན་པ།
སྒྲུང་དཔེ་ལག་བྲིས་མ།
འབྲེལ་ཡོད་འོས་སྦྱོར།