«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་སྐབས་གསུམ་པའི“ལོ་ཟུང་བྱ་དགའ”སྤྲོད་པའི་མཛད་སྒོ་གཉེར་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-04-17
ཀློག་གྲངས།:
བོད་ལྗོངས་རྩོམ་རིག་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པའི་བགྲོ་གླེང་ཚོགས་འདུ་དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་སྐབས་གསུམ་པའི“ལོ་ཟུང་བྱ་དགའ”སྤྲོད་པའི་མཛད་སྒོ་གཉེར་བ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྒྱུན་མཐུད་དྲིལ་བསྒྲགས་དང་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། རིག་གནས་དང་རིག་རྩལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བཅས་བྱེད་ཆེད། 2023ལོའི་ཟླ4ཚེས15ཉིན་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་སློབ་ཆེན་གྱིས་གཙོ་གཉེར་དང་། བོད་ལྗོངས་སློབ་ཆེན་དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་པུས་གཉེར་འགན་འཁུར་བའི་རྩོམ་རིག་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བའི་སྤེལ་རེས་ཚོགས་འདུ་དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི“ལོ་ཟུང་བྱ་དགའ”སྤྲོད་པའི་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད།
ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསམ་གཏན་གྱིས་གཏམ་བཤད་སྤེལ་བཞིན་པ།
ཚོགས་ཞུགས་འཐུས་མི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་རིག་རྩལ་དཔྱད་བརྗོད་མཁས་ཅན་བསྟན་འཛིན་ཆོས་གྲགས་ཀྱིས་རྩོམ་པ་པོ་འཚོ་བ་དང་ཁ་འབྲལ་ཐབས་མེད་ལ་བརྩམས་ཆོས་ཀྱི་དཔྱད་བརྗོད་དང་ཡང་ཁ་འབྲལ་ཐབས་མེད། རིག་རྩལ་དཔྱད་བརྗོད་ཀྱིས་གསར་རྩོམ་ལ་ཁྲིད་སྟོན་བྱེད་པའི་ནུས་པ་གཙིགས་སུ་བཟུང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ངོ་བོ་དང་ནང་དོན་ཕུན་སུམ་ཚོགས་པའི་ཞིབ་འཇུག་འཆད་འགྲེལ་དང་དྲིལ་བསྒྲགས་ཡག་པོ་བྱས་ཏེ་རིག་རྩལ་དཔྱད་བརྗོད་ཀྱི་ཁ་ཕྱོགས་ཡག་པོ་གཏོད་དགོས་ཞེས་བརྗོད།
ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩོམ་སྒྲིག་ལས་དོན་པུའི་ཀྲུའུ་རེན་གཞོན་པ་དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་པུའི་གཙོ་འགན་རྩོམ་སྒྲིག་པ་ལྷ་གཡང་ནོར་བུས«དུས་རབས་གསར་པའི་རྩོམ་རིག་གསར་རྩོམ་གྱི་ཞིང་ས་གཤིན་པོ་ཞིག་བསྐྲུན་རྒྱུ་ནི་ང་ཚོའི་འབད་འཐབ་དམིགས་ཡུལ་གཙོ་བོ་ཡིན»ཞེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་སྤེལ་ཞིང་། ཁོང་གིས། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་དུས་དེབ་གཉེར་བའི་འདུ་ཤེས་མཐའ་འཁྱོངས་དང་། རྩོམ་རིག་དུས་དེབ་ཀྱི་གླེང་ཕྱོགས་ཀྱི་འཐབ་ས་བརྟན་སྲུང་། དུས་དེབ་ཆབ་སྲིད་མཁས་པས་གཉེར་བའི་རྩ་དོན་མཐའ་འཁྱོངས་བཅས་བྱས་ཏེ། དར་ཆ་མཐོན་པོར་སྒྲེང་བ་དང་། དོན་དངོས་དང་བསྟུན་པ། ན་གཞོན་རྩོམ་པ་པོ་མང་པོ་གསོ་སྐྱོང་ཧུར་ཐག་བྱེད་པ། རྩོམ་པ་པོའི་དཔུང་ཁག་སྟོབས་ཆེར་གཏོང་བ། རྩོམ་པ་པོས་དུས་རབས་གསར་པར་བསྔགས་བརྗོད་བྱེད་པའི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་མང་དག་ཅིག་རྩོམ་པར་ཁྲིད་སྟོན་བཅས་བྱེད་པ་མ་ཟད། གསོན་ཉམས་དོད་པའི་རྩོམ་རིག་ཟིན་ཐོ་དང་བརྩམས་ཆོས་རྩེ་གྲའང་རྒྱུན་འཛིན་བྱེད་བཞིན་ཡོད་ཅེས་བརྗོད།
གྲགས་ཅན་རྩོམ་པ་པོ་ཚེ་རིང་ནོར་བུས་གཏམ་བཤད་སྤེལ་བཞིན་པ།
ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩོམ་སྒྲིག་ལས་དོན་པུའི་ཀྲུའུ་རེན་གཞོན་པ་དང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་པུའི་གཙོ་སྒྲིག་པ། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་སྐབས་གསུམ་པའི“ལོ་ཟུང་བྱ་དགའ”སྤྲོད་པའི་མཛད་སྒོའི་གཞུང་ལས་ཁང་གི་འགན་འཁུར་བ་བཅས་ཡིན་པའི་ལྷ་གཡང་ནོར་བུས་སྐབས་འདིའི་བྱ་དགའ་སྤྲོད་པའི་མཛད་སྒོའི་གནས་ཚུལ་གསལ་བཤད་བྱས་པ་དང་འབྲེལ་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་ཁ་བྱང་སྒྲོག་སྦྱངས་བྱས་པ་རེད།
“ལོ་ཟུང་བྱ་དགའ”ཐོབ་མཁན་ལ་བྱ་དགའ་གནང་བ།
“ལོ་ཟུང་བྱ་དགའ”ཐོབ་མཁན་ལ་བྱ་དགའ་གནང་བ།
“ལོ་ཟུང་བྱ་དགའ”ཐོབ་མཁན་ལ་བྱ་དགའ་གནང་བ།
“ལོ་ཟུང་བྱ་དགའ”ཐོབ་མཁན་ལ་བྱ་དགའ་གནང་བ།
ཚོགས་ཞུགས་མི་སྣ་ཡོངས་ཀྱི་དྲན་རྟེན་མཉམ་པར།
མཇུག་ཏུ་ཚེ་རིང་ནོར་བུས་རིག་རྩལ་བརྩམས་ཆོས་གསར་རྩོམ་གྱི་མཛུབ་ཁྲིད་བསམ་བློ་དང་། གསར་རྩོམ་གྱི་དོན་སྙིང་། གསར་རྩོམ་གྱི་སྟོན་ཕྱོགས་སོགས་ཐད་ནས་ད་ཐེངས་ཀྱི་མཛད་སྒོར་ཕྱོགས་སྡོམ་གཏམ་བཤད་གནང་ཞིང་། ཁོང་གིས་རྩོམ་པ་པོའི་མཐུན་ཚོགས་ནི་རྩོམ་པ་པོའི་ཁྱིམ་གཞིས་དང་དུས་དེབ་ནི་རྩོམ་པ་པོའི་བརྟེན་ས་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་རང་ལྗོངས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ན་གཞོན་རྩོམ་པ་པོའི་དཔུང་ཁག་གསོ་སྐྱོང་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པས་ལྟ་རྒྱ་ཐོས་རྒྱ་ཟབ་ཏུ་བཏང་ནས་རང་ངོས་ཀྱི་སྒྱུ་རྩལ་བྱང་ཚད་མཐོ་རུ་གཏོང་བ་དང་། བརྗོད་བྱ་བརྗོད་བྱེད་གསར་རྩོམ་ཐུབ་པ། བསམ་བློ་གཏིང་ཟབ་པ་དང་། སྒྱུ་རྩལ་བྱང་ཆུབ་པ། བརྩམས་ཆོས་སྤུས་དག་བཅས་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།ནང་དོན་ཡོངས་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
འབྲེལ་ཡོད་འོས་སྦྱོར།