«ཟླ་ཟེར»གྱི་ལོ་ངོ་བཞི་བཅུའི་མཚར་སྡུག་དང་རྨི་ལམ།
རྩོམ་པ་པོ།:
ཡོང་ཁུངས།:ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
དུས་ཚོད།:2023-04-26
ཀློག་གྲངས།:
ལོ་ངོ་བཞི་བཅུའི་མཚར་སྡུག་དང་རྨི་ལམ།
«ཟླ་ཟེར»དུས་དེབ་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པའི་ཚོགས་འདུ་འཚོགས།
«ཟླ་ཟེར»དུས་དེབ་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པའི་ཚོགས་འདུ་འཚོགས།
ཟླ4ཚེས25ཉིན། «ཟླ་ཟེར»སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་དང་སྐབས་བདུན་པའི་ཟླ་ཟེར་བྱ་དགའ་གནང་བའི་ཚོགས་འདུ་གཉིས་གཙོས་གྲོང་དུ་འཚོགས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་མཱ་ཆིན་ཧྲན་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་མཱ་ཡུས་སོགས་འབྲེལ་ཡོད་མགོ་ཁྲིད་རྣམས་ཚོགས་འདུར་ཞུགས།

ཚོགས་འདུར་བསྐལ་བཟང་སངས་རྒྱས་དང་དཀོན་ལོ་སོགས་རྩོམ་པ་པོ8ལ«ཟླ་ཟེར»སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པའི་གྲུབ་འབྲས་བྱ་དགའ་དང་ཁ་གྱའི་སངས་བཀྲ་དང་སྒྱིས་ཚང་རྟ་མགྲིན་སྐྱབས་སོགས་རྩོམ་པ་པོ30ལ་ཕུལ་བྱུང་རྩོམ་པ་པོའི་བྱ་དགའ། ཕྱག་རྡོར་ཚེ་རིང་དང་ཆས་པ་རྟ་མགྲིན་ཚེ་རིང་སོགས་མི5ལ་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་དང་ཀླུ་མོ་སྐྱིད་དང་བསོད་ནམས་རྡོ་རྗེ་སོགས་རྩོམ་པ་པོ5ལ་སྐབས་བདུན་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་བཅས་བྱིན།

ཟླ་ཟེར་གྱི་གྲུབ་འབྲས་བྱ་དགའ་ཐོབ་མཁན།

ཟླ་ཟེར་གྱི་ཕུལ་བྱུང་རྩོམ་པ་པོའི་བྱ་དགའ་ཐོབ་མཁན།

ཟླ་ཟེར་གྱི་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་ཐོབ་མཁན།

སྐབས་བདུན་པའི་ཟླ་ཟེར་བྱ་དགའ་ཐོབ་མཁན།
«ཟླ་ཟེར»དུས་དེབ་ནི། ཀན་སུའུ་ཞིང་ཆེན་གྱིས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཡོངས་ཁྱབ་ཏུ་འགྲེམས་སྤེལ་བྱེད་པའི་བོད་སྐད་ཡིག་གི་རྩོམ་རིག་རྐྱང་བའི་དུས་དེབ་གཅིག་པུ་ཡིན། 1982ལོར། འབྲེལ་ཡོད་སྡེ་ཁག་དང་དམ་པ་དུ་མའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག«ཟླ་ཟེར»དུས་དེབ་དེ་ཚོད་ལྟའི་ཚུལ་དུ་བོད་འབྲེལ་ས་ཁུལ་སོ་སོར་འགྲེམས་སྤེལ་བྱ་མགོ་བརྩམས། 1992ལོར་རྒྱལ་ཁབ་ནང་ཁུལ་དུ་འགྲེམས་སྤེལ་ཆོག་པའི་དཔེ་རྟགས་ཐོབ་ཅིང་། 1994ལོར་རྒྱལ་སྤྱིར་འགྲེམས་སྤེལ་ཆོག་པའི་དཔེ་རྟགས་ཐོབ། 2002ལོའི་ཟླ4བར། སྔར་གྱི་ས་གནས་རིམ་པའི་དུས་དེབ་ནས་ད་ལྟའི་ཞིང་ཆེན་རིམ་པའི་དུས་དེབ་ཏུ་རིམ་པ་སྤར་བའི་ཆོག་མཆན་ཐོབ་ལ་ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱ་རྒྱུ་གཏན་ཁེལ་བྱས།


«ཟླ་ཟེར»གྱི་ལོ་ངོ་བཞི་བཅུ་ནི་ཀྱག་ཀྱོག་ཆེ་ཞིང་འོད་མདངས་འཚེར་བའི་ལོ་ངོ་བཞི་བཅུ་ཡིན་ལ། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་རེ་བས་ཁེངས་པའི་ལོ་ངོ་བཞི་བཅུའང་ཡིན་ཏེ། ད་ལྟའི་བར་དུ། «ཟླ་ཟེར»དུས་དེབ་དུ་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་རྩོམ་པ་པོ500ཡས་མས་ཀྱི་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་བཀོད་ཅིང་། རྐང་འཛིན་རྩོམ་པ་པོ290ཉེ་བ་སྐྱེད་སྲིང་བྱས། 1982ལོ་ནས་མིག་སྔའི་བར«ཟླ་ཟེར»སྤྱིའི་དེབ་གྲངས་བསྡོམས་པས153པར་སྐྲུན་བྱས་ལ་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས4000ཡས་མས་བཀོད་པ་དང་། རྩོམ་ལུས་ལ་སྒྲུང་གཏམ་དང་སྙན་རྩོམ། ལྷུག་རྩོམ། མཛེས་རྩལ་རི་མོ། བོད་ཀྱི་ཡིག་གཟུགས་སོགས་འདུ།

ལོ་ངོ་བཞི་བཅུའི་གཡུར་ཟའི་གྲུབ་འབྲས།
ཏང་དང་རྒྱལ་ཁབ་ཀྱིས་ཀན་ལྷོ་གཙོ་བྱས་པའི་བོད་འབྲེལ་ས་ཁུལ་ཕྱི་ལ་དྲིལ་སྒྲོག་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་རིག་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་འཁོར་ཕྱོགས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་དུས་སྐབས་སོ་སོའི་ལོ་རྒྱུས་བྱུང་རིམ་ཁྲོད་ཀྱི་དོན་སྙིང་དང་བྱེད་ཕྱོགས། སྲིད་ཇུས་བཅས་རིག་རྩལ་གྱི་ཐབས་ལམ་ནས་ཇི་བཞིན་དུ་དྲིལ་བསྒྲགས་དང་ལག་བསྟར་བྱས་ཤིང་། ཀན་ལྷོ་ལ་གཞི་ཚུགས་པ་དང་བོད་འབྲེལ་ས་ཁུལ་ལ་ཁ་ཕྱོགས་པ་དེ་དུས་དེབ་སྒྲུབ་པའི་དམིགས་འབེན་ནམ་ཞབས་ཕྱིའི་ཡུལ་དུ་དམིགས་ཏེ། བོད་མི་རིགས་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་སྔོག་འདོན་དང་དར་སྤེལ་བགྱིད་པའི་དུས་མཚུངས་སུ། ཧུར་བརྩོན་གྱིས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རྩོམ་རིག་སྒྱུ་རྩལ་གྱི་དགེ་མཚན་བསྡུ་ལེན་དང་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་གི་སྟོབས་ཤུགས་མཁོ་འདོན་བྱས།

ཚོགས་རའི་ཡུལ་དངོས།

ཚོགས་རའི་ཡུལ་དངོས།
འབྲེལ་ཡོད་འོས་སྦྱོར།