བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་དང་པོ་ལྷ་སར་འཚོགས།
རྩོམ་པ་པོ།:ཀླུ་མོ་མཚོ་ཡིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-06-28
ཀློག་གྲངས།:
བོད་རང་སྐྱོང་ལྗོངས་ཏང་ཨུའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་བྱེ་བྲག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བོད་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་སྔར་བས་དར་རྒྱས་གོང་འཕེལ་གཏོང་བ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ལ་སྐུལ་ལྕག་དང་སྐུལ་སློང་བཅས་བྱ་ཆེད། བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའི་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའི་དཔྱད་བསྡུར་ལས་དོན་སྐབས་དང་པོ་སྤེལ། ཟླ6པའི་ཚེས26ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་དང་པོ་ལྷ་སར་འཚོགས་པ་རེད།

པར་འདི་ནི་གཟེངས་བསྟོད་ཚོགས་ཆེན་གྱི་ཡུལ་དངོས་རྣམ་པ་རེད།
གསར་འགོད་པས་གཟེངས་བསྟོད་ཚོགས་ཆེན་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་ཟླ10པའི་ཚེས12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིང་གིས«བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའི་བྱ་ཐབས»དཔར་འགྲེམ་བྱས། «བྱ་ཐབས»ནང་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྤྲད་པའི་ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་ཡིན་པ་དང་། བྱ་དགའི་དཔྱད་བསྡུར་ལས་དོན་ལོ་གཉིས་རིང་ཐེངས་གཅིག་སྤེལ་བ་དང་། བྱ་དགའ་གསུང་རྩོམ་གྱི་རིགས་དང་། དཔྱད་རྩོམ་གྱི་རིགས། སྙན་ཞུའི་རིགས་བཅས་སུ་དབྱེ་ཡོད་ཅིང་། སོ་སོར་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ་བཀོད་སྒྲིག་བྱས་ཡོད། རིག་ཚན་མ་ལག་དང་རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འབུར་ཐོན་ཡོད་པའི་གྲུབ་འབྲས་ལ་ཁྱད་འཕགས་བྱ་དགའ་སྤྲོད་རྒྱུ་གཏན་འབེབས་བྱས་ཡོད།
2022ལོའི་ཟླ4པར། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་བྱ་དགའ་དཔྱད་བསྡུར་གཞུང་སྒྲུབ་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའི་དཔྱད་བསྡུར་ལས་དོན་སྐབས་དང་པོ་སྤེལ་མགོ་ཚུགས། ཐོག་མའི་དཔྱད་བསྡུར་དང་ཡང་བསྐྱར་དཔྱད་བསྡུར། མཇུག་མཐའི་དཔྱད་བསྡུར། སྤྱི་བསྒྲགས་སོགས་ལས་དོན་སྤེལ་ཤིང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་གྲོས་མོལ་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུ་ལ་སྙན་ཞུ་ཕུལ་ནས་མོས་མཐུན་བྱུང་བརྒྱུད། 2023ལོའི་ཟླ3པའི་ཚེས18ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས«བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་སྐབས་དང་པོའི་བྱ་དགའ་ཐོབ་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས»འགྲེམ་གཏོང་བྱས། «བོད་ལྗོངས་ཀྱི་དབུལ་ཕོངས་དང་དབུལ་ལོག་གི་གནད་དོན་ཞིབ་འཇུག»སོགས་གྲུབ་འབྲས4ལ་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་སྐབས་དང་པོའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། «བོད་ལྗོངས་ཀྱི་ལོ་བརྒྱའི་དཔལ་འབྱོར་ལོ་རྒྱུས»སོགས་གྲུབ་འབྲས10ལ་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་སྐབས་དང་པོའི་བྱ་དགའ་ཨང་གཉིས་པ་ཐོབ་པ། «སྒྲུང་མཁན་གྲགས་པ་དང་ཁོང་གི་གླིང་སྒྲུང་འཆད་གྱེར་སྐོར་གྱི་ཞིབ་འཇུག»སོགས་གྲུབ་འབྲས15ལ་བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་སྐབས་དང་པོའི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

པར་འདི་ནི་གཟེངས་བསྟོད་ཐོབ་པའི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་དག་གི་མཉམ་པར་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་བྱ་དགའ་ཐོབ་པའི་གྲུབ་འབྲས་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སློབ་གསོ། དམངས་འཚོ། མི་རིགས། ཆོས་ལུགས། སྤྱི་ཚོགས་བཅས་ཀྱི་ཕྱོགས་སོ་སོར་འབྲེལ་ཡོད་ལ། བོད་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་མ་ལག་རང་བཞིན་དང་སྒྲིག་གཞི་རང་བཞིན། འཐུས་ཚང་རང་བཞིན་གྱི་ཁྱད་ཆོས་མཚོན་ཡོད་པ་དང་། རིག་གཞུང་ཚན་ཁག་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། ཐེངས་འདིར་བྱ་དགའ་ཐོབ་པའི་གྲུབ་འབྲས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཕྱོགས་མང་པོའི་ཞབ་འཇུག་དང་འབྲེལ་ཡོད་ཅིང་། གྲུབ་འབྲས་འདི་དག་གིས་ཡིག་ཚགས་དང་ལོ་རྒྱུས་ཀྱི་དཔྱད་ཡིག གནའ་རྫས་དཔྱད་ཞིབ། རིག་གནས་དམངས་སྲོལ། དངོས་རྫས་ཉར་འཇོག་སོགས་ཕྱོགས་མང་པོའི་ཁུངས་སྐྱེལ་དཔེ་མཚོན་ལ་ཟུང་འབྲེལ་བྱས་ཡོད་པས། ཀྲུང་ཧྭའི་དཔལ་ཡོན་གྱི“དམིགས་བསལ་རང་བཞིན་ལྔ”བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཞིབ་ཕྲའི་མཚོན་ཚུལ་གསོན་ཉམས་ལྡན་པའི་སྒོ་ནས་འཆད་འགྲེལ་བྱས་ཡོད་ཅིང་། བོད་ལྗོངས་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་ཡིན་པའི་ཡིད་དབང་འགུག་ཤུགས་གང་ལེགས་མངོན་པ་དང་། རིག་གཞུང་ལ་བརྟེན་ནས་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ལེགས་པོར་བཤད་པའི་དམིགས་ཚད་དང་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ལས་རིགས་སུ་ཤུགས་རྐྱེན་ངེས་ཅན་ཐེབས་པའི་ཚད་དུ་སླེབས་ཏེ། སྐད་བརྡའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་གཞག་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེན་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གལ་ཆེན་རེད། ཚོགས་འདུའི་ཐོག་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་ཀྱི་རྩོམ་པ་པོས་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་དང་། གྲུབ་འབྲས་མང་པོ་དང་བཟང་པོ་ཐོན་པར་སྣེ་ཁྲིད་བྱ་རྒྱུའི་བླང་བྱ་བཏོན། །
འབྲེལ་ཡོད་འོས་སྦྱོར།