ཨ་མདོ་བརྙན་འཕྲིན་ཁང་གི་སྙན་སྒྲོན་པ་ཚེ་རིང་ལྷ་མོའི་གཏམ་རྒྱུད་དྲ་དམངས་བཟང་པོའི་གཏམ་རྒྱུད་ཁྲོད་ཚུད།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2025-05-23
ཀློག་གྲངས།:
ཨ་མདོ་བརྙན་འཕྲིན་གྱི་སྙན་སྒྲོན་པ་ཚེ་རིང་ལྷ་མོའི་གཏམ་རྒྱུད་སྐབས་ལྔ་བའི༼བུད་མེད་དྲ་དམངས་བཟང་བོ་བརྒྱ་ཡི་གཏམ་རྒྱུད༽ཁྲོད་བདམས་ཐོན་བྱུང་།
ཟླ5བའི་ཚེས21ཉིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དྲ་རྒྱའི་སྤྱི་ཚོགས་ལས་སྒྲུབ་ཅུས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི2025ལོའི༼བུད་མེད་དྲ་དམངས་བཟང་བོ་བརྩོན་ལེན་བྱེད་པའི༽བརྗོད་དོན་བྱེད་སྒོའི་མགོ་རྩོམ་མཛད་སྒོ་ཨན་ཧུའེ་ཧོ་ཧྥེ་རུ་བསྡུས།

བྱེད་སྒོའི་སྟེང་སྐབས་ལྔ་པའི༼བུད་མེད་དྲ་དམངས་བཟང་པོ་བརྒྱ་ཡི་གཏམ་རྒྱུད༽དང༼བུད་མེད་དྲ་དམངས་བཟང་པོ་བརྩོན་ལེན་བྱེད་པའི་ཕུལ་བྱུང་དཔེ་དོན་ཆེན་པོ་བཅུ༽ཡི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། བུད་མེད་དྲ་དམངས་བཟང་པོའི་འཐུས་མི་ཚེ་རིང་ལྷ་མོ། མཱ་ལིང་མེན། ཅིང་ཝུན་ཅེ་བཅས་ཀྱིས༼སྦྲེལ་ཟམ༽དང༼ཡར་བརྩོན༽ ༼སྲུང་སྐྱོབ།༽བཅས་བརྗོད་གཞི་ཆེན་པོ་གསུམ་ལ་འབྲེལ་ཏེ་དྲ་ལམ་དྲང་ནུས་དར་སྤེལ་གྱི་མི་སེམས་སྒུལ་བའི་གཏམ་རྒྱུད་བརྗོད་དེ། དུས་རབས་གསར་པའི་བུད་མེད་དྲ་དམངས་ཀྱིས་འོད་སྟོང་འབར་བའི་མ་འོངས་མདུན་ལམ་བརྩོན་པའི་ཉམས་འགྱུར་དང་འགན་འཁྲི་ཁག་ཁུར་གསལ་བོར་མངོན་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།