logo

«ཤེལ་གོང་ཤེལ་ཕྲེང»སྐོར་དྲུག་པའི«ཀྲུང་གོའི་ཡིག་ཚགས་ཚད་ལྡན་ཡིག་ཆའི་ཤུལ་བཞག་དཀར་ཆག»ནང་བདམས་པ།

རྩོམ་པ་པོ།:ཀླུ་མོ་མཚོ་ཡིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2025-06-13 ཀློག་གྲངས།:
       ཟླ6པའི་ཚེས9ཉིན་ནི་ཐེངས18པའི“6·9རྒྱལ་སྤྱིའི་ཡིག་ཚགས་ཉིན་མོ”ཡིན་པ་དང་། ཉིན་དེར་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་སྐོར་དྲུག་པའི«ཀྲུང་གོའི་ཡིག་ཚགས་ཚད་ལྡན་ཡིག་ཆའི་ཤུལ་བཞག་དཀར་ཆག»ཁྱབ་བསྒྲགས་བྱས་ཡོད་ལ། རྒྱལ་ཡོངས་སུ་བསྡོམས་པས་ཡིག་ཚགས་ཚད་ལྡན་ཡིག་ཆ52བདམས་ཐོན་བྱུང་ཡོད་པའི་ནང་བོད་རང་སྐྱོང་ལྗོངས་ཀྱིས་རེ་ཞུ་ཕུལ་བའི«ཤེལ་གོང་ཤེལ་ཕྲེང»བདམས་ཐོན་བྱུང་ཡོད།
       «ཤེལ་གོང་ཤེལ་ཕྲེང»འདི་ཉིད་བོད་ལུགས་གསོ་རིག་གི་དཔེ་མཚོན་ལྡན་པའི་གསུང་རྩོམ་ཡིན་པའི་ཆ་ནས་སྣ་མང་ཕུན་སུམ་ཚོགས་པའི་སྨན་རྫས་རིག་པའི་ཤེས་བྱ་དང་། ཐུན་མོང་མ་ཡིན་པའི་རིག་གཞུང་གི་ལྟ་བ། གཏིང་ཟབ་ཡུན་རིང་གི་ལོ་རྒྱུས་ཀྱི་དགེ་མཚན་སོགས་འདུས་ཡོད་པས། བོད་ལུགས་གསོ་རིག་གི་རིགས་གཞུང་མ་ལག་དང་སྨན་རྫས་རིག་པ་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། དེ་ནི་བོད་ལུགས་གསོ་རིག་རིག་གནས་རྒྱུན་འཛིན་གྱི་གཞི་རྟེན་གལ་ཆེན་ཡིན་པ་དང་། བོད་ལུགས་གསོ་རིག་གི་ཡིག་ཚགས་མ་ལག་ཁྲོད་ཚབ་བྱེད་མི་རུང་གོ་གནས་གལ་ཆེན་ཡོད།
       «ཤེལ་གོང་ཤེལ་ཕྲེང»སྐོར་དྲུག་པའི«ཀྲུང་གོའི་ཡིག་ཚགས་ཚད་ལྡན་ཡིག་ཆའི་ཤུལ་བཞག་དཀར་ཆག»ནང་བདམས་ཐོན་བྱུང་བ་དེ་ནི་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་གི་ཚད་ལྡན་ཡིག་ཆ་ཞིབ་འཇུག་དང་བོད་ལུགས་གསོ་རིག་གི་ལོ་རྒྱུས་རིག་གནས་སྔོག་འདོན་ཐད་བླངས་པའི་ཡར་ཐོན་གལ་ཆེན་ཞིག་ཡིན་པ་མ་ཟད། «ཤེལ་གོང་ཤེལ་ཕྲེང»གི་ལོ་རྒྱུས་རིག་གནས་རིན་ཐང་ལ་སྔར་བས་མཐོ་བ་དང་སྔར་བས་རྒྱ་ཆེ་བའི་ངོས་ཀྱི་ཁས་ལེན་དང་དོ་ཁུར་ཐོབ་པ་མཚོན་ཡོད། «ཤེལ་གོང་ཤེལ་ཕྲེང»གི་རྒྱལ་ཁབ་ཕྱི་ནང་གི་སྐད་གྲགས་དང་ཤུགས་རྐྱེན་ཐེབས་ཤུགས་མཐོར་འདེགས་སུ་བཏང་ཡོད་ལ། བོད་ལུགས་གསོ་རིག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་དང་། བོད་ལུགས་གསོ་རིག་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་བར་དཔེ་མཚོན་བཙུགས་ནས། སྤྱི་ཚོགས་ཀྱི་ཐོན་ཁུངས་དང་སྟོབས་ཤུགས་སྔར་ལས་མང་པོ་མི་རིགས་ཀྱི་གསོ་རིག་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་གཞག་ཁྲོད་གཏོང་བར་རོགས་འདེགས་ཐུབ་པ། མི་རིགས་ཀྱི་གསོ་རིག་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་དཔེ་སྟོན་དང་ཁྲིད་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། །
འབྲེལ་ཡོད་འོས་སྦྱོར།