logo

«གངས་ལྗོངས་ཉི་གཞོན»དུས་དེབ་ལ་བྱ་དགའ་འདི་ཐོབ་འདུག

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2025-06-25 ཀློག་གྲངས།:
       ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གོའི་དུས་དེབ་མཐུན་ཚོགས་ཀྱིས་གཙོ་གཉེར་དང་སྒྱུ་རྩལ་ཇུས་འགོད་དུས་དེབ་ཚོགས་པས་སྒྲུབ་འགན་འཁུར་པའི་སྐབས་དང་པོའི་ཀྲུང་གོའི་དུས་དེབ་ཀྱི་མདུན་ཤོག་ཇུས་འགོད་སྤུས་ལེགས་འགྲེམས་སྟོན་གྱི་ཡོངས་བསྒྲགས་ཚོགས་འདུ་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད།
       བྱེད་སྒོ་འདིར་ད་ལོའི་ཟླ་གསུམ་པར་སྤྱི་ཚོགས་ལ་ཕྱོགས་ནས་བརྩམས་ཆོས་བསྡུ་ལེན་བྱས་ཤིང་། རིགས་གཅིག་མཁས་ཅན་གྱིས་རེས་སྐོར་མང་པོས་ཞིབ་དཔྱད་བྱས་པ་བརྒྱུད། སྤུས་ལེགས་དུས་དེབ་བརྒྱ་བདམས་ཐོན་བྱུང་ཡོད་ལ། སི་ཁྲོན་ཏང་གི་འཛུགས་སྐྲུན་གྱི་བོད་ཡིག་པར་གཞི«གངས་ལྗོངས་ཉི་གཞོན»ཐེངས་འདིའི་འགྲེམས་སྟོན་དུ་ཚུད་ཡོད་པ་རེད། སྐབས་འདིའི་འགྲེམས་སྟོན་ཁྲོད་ཚུད་པའི་བོད་ཡིག་པར་གཞི་གཅིག་པུ་ཡིན་པ་རེད།
       «གངས་ལྗོངས་ཉི་གཞོན»དུས་དེབ་ནི་སྤྱི་ལོ༢༠༡༣ལོའི་ཟླ་དང་པོར་དངོས་སུ་འགྲེམ་སྤེལ་བྱས་ཤིང་བགྲང་བྱ་བཅུ་ཕྲག་རིང་དུ་གངས་ལྗོངས་ཉི་གཞོན་གྱིས་ཞིང་ཨུའི་བོད་འབྲེལ་ལས་ཀའི་གཙོ་གནད་དམ་དུ་བཟུང་ནས་དུས་དེབ་དང་། དྲྭ་ཚིགས། བརྙན་སྟེགས་སོགས་ཀྱི་བརྒྱུད་ལམ་ནས་མཐོ་སྒང་གི་གཏམ་རྒྱུད་སྒྲོག་པས་ཕྱི་ནང་གི་གཟིགས་མོ་བ་ཡོངས་ཀྱི་དགའ་བསུ་ཐོབ་ཡོད།
       «གངས་ལྗོངས་ཉི་གཞོན»དུས་དེབ་གཉེར་བ་ནས་བཟུང་། ཧིན་རྡུ་དང་ཨ་རི། བལ་ཡུལ་སོགས་ཀྱི་རྒྱལ་ཁབ་དང་ས་གནས༡༠༠ལྷག་གི་ཀློག་པ་པོའི་དགའ་བསུ་ཐོབ་ཅིང་། བོད་འབྲེལ་ཆ་འཕྲིན་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། བོད་ཡིག་དུས་དེབ་ཀྱི་གྲངས་འཛིན་ལྟ་ཀློག་སྟེགས་བུ་བཟོས་ནས། དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཞིང་འབྲོག་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན། ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླ་སོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
འབྲེལ་ཡོད་འོས་སྦྱོར།