«དེང་རབས་རྒྱ་ཡིག་ཚིག་མཛོད»རྒྱ་བོད་ཤན་སྦྱར་དེབ་ཆ་ཚང་ཐོན་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-07-14
ཀློག་གྲངས།:
དུས་ཡུན་ལོ13རིང་རྩོམ་སྒྲིག་བྱས་པའི«དེང་རབས་རྒྱ་ཡིག་ཚིག་མཛོད»རྒྱ་བོད་ཤན་སྦྱར་གྱི་པར་གཞི་ཆ་ཚང་དེ་ཟླ7པའི་ཚེས11ཉིན་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཤིང་། པར་གཞི་ཆ་ཚང་དེའི་ནང«དེང་རབས་རྒྱ་ཡིག་ཚིག་མཛོད»ཀྱི་པར་གཞི་བདུན་པའི་ནང་དོན་ཆ་ཚང་བསྡུས་ཡོད་པས། བོད་ཡིག་གི་ཐ་སྙད་ཁྲི20ལྷག་ཙམ་དང་ཡིག་འབྲུ་ཁྲི1000ལྷག་ཙམ་ཟིན་ཡོད།

2012ལོར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་དང་སློབ་གཞི་རྩོམ་སྒྱུར། མི་རིགས་སྐད་ཡིག་ཡིག་སྒྱུར་སོགས་ལས་ཁུངས་ཀྱི་རྒྱ་བོད་ལོ་ཙཱའི་རིགས་གཅིག་མཁས་ཅན15གདན་འདྲེན་ཞུས་ནས་ལོ་ཙཱའི་ཚོགས་པ་བཙུགས་ཏེ«དེང་རབས་རྒྱ་ཡིག་ཚིག་མཛོད»དེ་གཞི་རུ་བྱས་ནས་བོད་ཡིག་ལོ་ཙཱའི་ལས་གཞི་འདི་མཉམ་དུ་ལག་ལེན་བསྟར་འགོ་ཚུགས་ཡོད།

དེབ་ཆ་ཚང་དེ་སྟོད་ཆ་དང་བར་ཆ། སྨད་ཆ་བཅས་གསུམ་དུ་དབྱེ་ཡོད་ཅིང་། རྒྱ་ཡིག་གི་ཐ་སྙད་ཁྲི7ལྷག་ཙམ་ཡོད་པ་དང་། དེའི་ཁྲོད་ཐ་སྙད་དང་སྒྲ་སྦྱོར། འགྲེལ་བཤད། དཔེར་བརྗོད་བཅས་འདུས་ཡོད་ཅིང་། བསྒྱུར་ཚིག་གོ་བདེ་ཞིང་ཡང་དག་པ། སྤྱོད་གོ་ཆོད་པ་ཞིག་ཡོད། ལོ་ཙཱའི་ཞིབ་བཤེར་ཚོགས་ཆུང་གི་འཐུས་མི་རྡོ་རྗེ་རིན་ཆེན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ལོ་ཙཱའི་ཞིབ་བཤེར་ཚོགས་ཆུང་གིས་ཡིག་སྒྱུར་གྱི་ཐོག་མའི་མ་ཟིན་ལེགས་གྲུབ་བྱུང་རྗེས། མི་སྒེར་ནས་ཐོག་མའི་ཞིབ་བཤེར་དང་དེ་ནས་ཕན་ཚུན་བཟོ་བཅོས་རྒྱག་པ། དེའི་རྗེས་གཅིག་སྡུད་ཐོག་གྲོས་བསྡུར་བྱེད་པ། དེ་ནས་བསྐྱར་དུ་བཟོ་བཅོས་རྒྱག་པ། མཐར་གཅིག་གྱུར་མ་ཟིན་གྱི་མཐའ་མའི་ཞིབ་བཤེར་སོགས་ཀྱི་བྱ་ཐབས་སྤྱད་དེ་ཡང་དང་བསྐྱར་དུ་བཟོ་བཅོས་བརྒྱབ་པ་དང་། སྔ་རྗེས་སུ་དོགས་གཞི་ཡོད་པའི་ཐ་སྙད་དང་སྐྱེ་དངོས་ཐ་སྙད། ཚན་རྩལ་ཐ་སྙད། དཔེ་ཆོས། གསུང་རབ། གཏམ་དཔེ། གནའ་རྩོམ། ཚད་ལྡན་ཡིག་ཆའི་དཔེ་མིང་སོགས་ཡིག་སྒྱུར་བྱེད་སྐབས་གྲོས་བསྡུར་ཚོགས་འདུ་འཚོགས་ནས་སྒྱུར་ཡིག་གི་སྔ་གཞུག་གཅིག་གྱུར་དང་ཚད་ལྡན་ཡོང་བར་འགན་ལེན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། «དེང་རབས་རྒྱ་ཡིག་ཚིག་མཛོད»རྒྱ་བོད་ཤན་སྦྱར་དེབ་ཆ་ཚང་ཐོན་འདུག རྒྱ་བོད་ཐ་སྙད་ཤན་སྦྱར་པར་གཞི་དེ2021ལོའི་ཟླ12པར་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།