logo

འབའ་ཐང་གི་པི་ཝང་བརྒྱ་དཀྲོལ་འཛམ་གླིང་གི་ཟིན་ཐོར་བཀོད།

རྩོམ་པ་པོ།:བསམ་གཏན། ཡོང་ཁུངས།:ཁམས་པའི་གཏོང་སྦྱོར། དུས་ཚོད།:2025-08-05 ཀློག་གྲངས།:
       ཉེ་ཆར། འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད་པ་མ་ཁེ་ཞི་མོ་དང་ཀྲུང་གོའི་འཐུས་མི་ཁྲེན་ཧྲུའུ་ཧུང་གཉིས་ཀྱིས་བདེན་དཔང་ར་སྤྲོད་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། འབའ་ཐང་གི་པི་ཝང་བརྒྱ་དཀྲོལ་བྱེད་སྒོ་དེ་འཛམ་གླིང་གི་ཟིན་ཐོར་བཀོད་ཡོད་པ་རེད།
       ད་ཐེངས་ཀྱི་བྱེད་སྒོ་ནི་འབའ་ཐང་མང་ཚོགས་ཀྱི་གར་སྟེགས་ཆེན་པོ་ཞིག་ཡིན་པར་མ་ཟད། གཟུགས་མེད་རིག་གནས་ཤུལ་བཞག་གི་བཤམས་སྟོན་ཞིག་ཀྱང་ཡིན། བྱེད་སྒོ་འགོ་བཙུགས་པ་ནས་ལོ་ཆུང་བྱིས་པའི་ལྷ་མོ་ཟློས་གར་གྱི་གཞས་གདངས་སྙན་མོ་དང་འབའ་གཞས་ཀྱི་ཉམས་འགྱུར་སོགས་མངོན་པས་ཡུལ་དངོས་སུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད།
       མཚོ་ཕུ་ལྗོངས་ཁུལ་དུ་མི309ཡིས་ལུས་ལ་སྲོལ་རྒྱུན་གྱི་རྒྱན་གོས་སྤྲས་ནས་ཡུལ་དངོས་དང་དྲྭ་ཐོག་གི་ལྟད་མོ་བ་ཁྲི་ལྷག་ལ་ལྟད་མོ་མིག་གི་ལོངས་སྤྱོད་དུ་བསྩལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འཁྲབ་སྟོན་པ309ཡི་ཁྲོད་དུ། གཟུགས་མེད་རིག་གནས་ཤུལ་བཞག་གི་འབའ་གཞས་བརྒྱུད་འཛིན་པ་རྒན་རབས་ཡོད་ལ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་གཞོན་ནུ་ལོ་ཆུང་། ད་རུང་པི་ཝང་ལ་དགའ་བའི་མི་སེར་བཅས་ཀྱི་གཞས་པ་མཉམ་དུ་འཛོམས་ནས་འབའ་གཞས་ཀྱི་བརྒྱུད་འཛིན་ལ་རྣམ་པ་གསར་པས་ཁེངས་སུ་བཅུག་ཡོད།
       གནའ་བོའི་པི་ཝང་དེ་ད་ལྟའི་འཛམ་གླིང་ལ་གྲགས་པའི་རྣམ་པ་གསར་པ་ཡིན་ལ། ཆེས་རྒྱ་ཆེ་བའི་པི་ཝང་དཀྲོལ་བའི་བྱེད་སྒོ་འདི་འཛམ་གླིང་གི་ཟིན་ཐོར་བཀོད་ཐུབ་ཡོད་པའི་གཏམ་བཟང་དེ། མི་དམངས་ཀྱི་རྩ་བའི་རྩ་བ་དང་། གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་འཛམ་གླིང་གི་ཟིན་ཐོ་དེས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་བསྐྲུན་པའི་འབའ་ཐང་གི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་རེད།
འབྲེལ་ཡོད་འོས་སྦྱོར།