logo

སྟོབས་ལྡན་རྡོ་རྗེ་ལ་འཛམ་གླིང་མོ་ཐྲོལ་འགྲན་བསྡུར་ཆེན་མོའི་གསེར་གྱི་རྟགས་མ་ཐོབ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། དུས་ཚོད།:2025-10-23 ཀློག་གྲངས།:
       རྒྱལ་སྤྱིའི་མོ་ཐྲོལ་འགྲན་བསྡུར་ནི་གོ་ལ་ཧྲིལ་པོའི་དར་སྲོལ་ལས་རིགས་ཁྲོད་ཤུགས་རྐྱེན་ཐེབས་ཆེ་ཤིང་སྐད་གྲགས་ཆེ་བའི་དཔེ་མཚོན་ཞིག་སོང་ཙང་། ཁོང་ཚོའི་མཛེས་སྡུག་ཡིད་འོང་གི་ཕྱི་ཚུལ་དང་སྐྱེན་ལ་གྲུང་ཤ་དོད་པའི་ཆེད་ལས་ཀྱི་བྱང་ཚད་ཐོག་ནས་དར་སྲོལ་གསར་པའི་རླབས་རྒྱུན་ཞིག་འཕྱུར་བཞིན་མཆིས།
       ཉེ་ཆར། 2025ལོའི་སྐབས་བཅུ་གསུམ་པའིWPMCའཛམ་གླིང་ལས་རིགས་མོ་ཐྲོལ་འགྲན་བསྡུར་ཆེན་མོའི་ཀྲུང་གོའི་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་གཟབ་རྒྱས་ངང་འཚོགས་ཤིང་། དར་སྲོལ་གསར་པའི་མོ་ཐྲོལ་ལས་རིགས་ལ་དགའ་ཞེན་ཆེ་བའི་ན་གཞོན་ཕོ་མོ་བརྒྱ་ཡིས་ཆེད་ལས་ཤེས་བྱའི་ཐོག་ནས2025ལོའི་སྐབས་བཅུ་གསུམ་པའིWPMCའཛམ་གླིང་ལས་རིགས་མོ་ཐྲོལ་བསྡུར་ཆེན་མོའི་འགྲན་རིམ་ཁག་ནང་ཞུགས་ཏེ་ལང་ཚོའི་སྟོབས་དང་བཞིན་གྱི་མཛེས་དཔལ་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་གི་སྟོན་མོར་བཤམས་ཡོད།
       སྟག་ཤར་བའི་མཚན་སྙན་རི་ན་ཡོད། སྨན་བུ་མོའི་འཇོ་སྒེག་ལུས་ན་ཡོད་ཟེར་བའི་དཔེ་ལྟར། 2025ལོའི་སྐབས་བཅུ་གསུམ་པའིWPMCའཛམ་གླིང་ལས་རིགས་མོ་ཐྲོལ་འགྲན་བསྡུར་ཆེན་མོའི་ཀྲུང་གོའི་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་ཁྲོད་དཔྱད་པའི་བློ་སྟོབས་མངའ་ཞིང་སྤྱན་གྱི་གཟིགས་རྒྱང་རིང་བའི་རྒྱལ་ཁབ་ཕྱི་ནང་གི་མོ་ཐྲོལ་དཔྱོད་ལྡན་དགེ་རྒན་རྣམས་ཀྱི་གཟུ་བོའི་བློ་ཡིས་དཔྱད་འདེམས་བྱས་པ་བརྒྱུད། ཕ་ཡུལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་ཐང་འབྲོག་སྡེ་ཕྱུག་མོར་འཚར་ལོངས་བྱུང་བའི་སྟག་ཤར་སྟོབས་ལྡན་རྡོ་རྗེ་ལ2025ལོའི་སྐབས་བཅུ་གསུམ་པའིWPMCའཛམ་གླིང་ལས་རིགས་མོ་ཐྲོལ་འགྲན་བསྡུར་ཆེན་མོའི་ཀྲུང་གོའི་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་ཡོད།
       བརྩོན་པའི་ལས་ལ་འབད་པའི་འབྲས་བུ་སྨིན་པའི་མོ་ཐྲོལ་པ་སྟོབས་ལྡན་རྡོ་རྗེ་ནི་ཆུང་དུས་འབྲོག་ལས་རིག་གནས་ཀྱི་ས་བོན་སྦྲུམ་པའི་ཁོར་ཡུག་ནང་འཚར་ལོངས་བྱུང་ཞིང་། རང་ཉིད་ཀྱི་དགའ་བ་དང་དུང་བའི་རླབས་རྒྱུན་དེའི་དབང་གིས་དར་སྲོལ་གསར་པའི་མོ་ཐྲོལ་ལས་རིགས་ཀྱི་འབྲེལ་ཡོད་ཤེས་བྱར་སློབ་གཉེར་མཐར་ཕྱིན་པ་བྱས་པ་དང་། འཛིང་རེས་དང་མོ་ཐྲོལ་ལས་རིགས་གཉིས་ནི་ཁོང་གིས་བསམ་པའི་ཁྱད་ནོར་ཞིག་ཏུ་བརྩི་བཞིན་ཡོད།
       ཤེས་རྟོགས་བྱུང་བ་ལྟར་ན། 2025ལོའི་སྐབས་བཅུ་གསུམ་པའིWPMCའཛམ་གླིང་ལས་རིགས་མོ་ཐྲོལ་འགྲན་བསྡུར་ཆེན་མོའི་ཀྲུང་གོའི་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་པ་ནི་ཁོང་གིས་གཟི་བརྗིད་ཅིག་ཏུ་བརྩི་ཁར། གཉེན་ཉེ་དང་དགེ་བའི་བཤེས་གཉེན། སློབ་གྲོགས་བཅས་དང་དེ་བཞིན་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱབ་སྐྱོར་དང་སྐྱེད་བསྲིངས་བྱས་པར་ཐུགས་རྗེ་ཆེ་ཞུ་བ་ཞིག་ཡིན། སླད་ཕྱིན་ཁོང་ནས་མུ་མཐུད་དེ་དར་སྲོལ་གསར་པའི་མོ་ཐྲོལ་ལས་རིགས་ཐད་འབད་བརྩོན་ལྡབ་བརྒྱ་བྱས་ཏེ། རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།