འཇིགས་མེད་རྒྱ་མཚོར“ལོ་འཁོར་མོའི་སྐྱེས་པའི་ལོ་ཆུང་འཁྲབ་སྟོན་པའི”གཟི་བརྗིད་ཐོབ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2025-10-24
ཀློག་གྲངས།:
ཟླ10པའི་ཚེས21ཉིན། ཀྲུང་གོའི་རྒྱལ་སྤྱིའི་བྱིས་པའི་གློག་བརྙན་འགྲེམ་སྟོན་སྐབས་བཅོ་བརྒྱད་པ་དེ་ཅི་ནན་དུ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཞིང་། རང་ཞིང་གི་ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་ནས་ཡོང་བའི་འཁྲབ་སྟོན་པ་ཆུང་ཆུང་འཇིགས་མེད་རྒྱ་མཚོས་གློག་བརྙན«བཀྲ་ཤིས»ཁྲོད་མི་སྣ་གཙོ་བོ“བཀྲ་ཤིས”འཁྲབ་སྟོན་བྱས་པ་གསོན་ཉམས་ལྡན་པས“ལོ་འཁོར་མོའི་སྐྱེས་པའི་ལོ་ཆུང་འཁྲབ་སྟོན་པའི”གཟི་བརྗིད་ཐོབ།

གློག་བརྙན«བཀྲ་ཤིས»ནི་པད་མ་ཚེ་བརྟན་གྱིས་ལྟ་སྐུལ་དང་། སུའུ་མིང་ཆིང་གིས་བཟོ་སྐྲུན་པའི་འགན་ཁུར་ལ། དར་རྒྱས་བསྟན་འཛིན་གྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པ་དང་། རྩོམ་པ་པོ་ཁྲི་སེམས་དཔའི་སྒྲུང་ཐུང«བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ»དང«རིག་ལྡན་གྱི་ནུ་བོའི་མིང་ལ་ལོ་ལོ་ཟེར»གཉིས་གཞིར་བཟུང་ནས་བཅོས་སྒྲིག་བྱས་པ་རེད། གློག་བརྙན་དེའི་ནང་དུ། མི་སྣ་གཙོ་བོ་སྟེ་རྩོམ་པ་པོ་བཀྲ་ཤིས་ཀྱིས་ཆུང་བྱིས་པའི་དུས་སུ་རང་ཉིད་དང་མིང་གཅིག་མཚུངས་ཀྱི་ཁྱི་རྒན་ཞིག་ལ་བརྡུངས་ནས་དེ་ཞར་བ་བྱས་སྟབས་ལོ་མང་རིང་འགྱོད་པ་སྐྱེས། ཕྱིས་སུ་ཁོང་སླར་ཡང་ཕ་ཡུལ་དུ་ལོག་རྗེས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ངོ་མ་ཤེས་རྟོགས་བྱུང་བའི་གཏམ་རྒྱུད་བརྗོད་ཡོད་པ་རེད།

གློག་བརྙན་འགྲེམས་སྟོན་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་འཇིགས་མེད་རྒྱ་མཚོའི་འཁྲབ་སྟོན་ལ་ལོ་ན་ལས་བརྒལ་ཞིང་། ཁོས་བབ་ཆགས་པའི་བརྩེ་དུང་དང་བརྟན་ལྷིང་གི་མངོན་མཚོན་ནུས་པར་བརྟེན་ནས་གློག་བརྙན་གྱི་སྤྲོས་རྗོད་འབུར་དུ་དོད་ཡོད་པ་དང། གྲོང་གསེབ་ཀྱི་རྒྱབ་ལྗོངས་དང་གནས་ཚུལ་ངོ་མ་འཚོལ་ཞིབ་བྱེད་པའི་གནས་ཚུལ་ཁྲོད་ཡིད་དབང་འཕྲོག་པའི་ནུས་པ་ཆེན་པོ་ལྡན་པར་བསྔགས་བརྗོད་ཆེན་པོ་བྱས།
སྐབས་འདིའི་གློག་བརྙན་འགྲེམས་སྟོན་དེ་ཟླ10པའི་ཚེས12ནས་ཚེས24ཉིན་བར་ཀྲུང་གོ་དང་ཕྱི་རྒྱལ་གྱི་བྱིས་པའི་གློག་བརྙན60ཁྲིན་ཏུའུ་དང་། ཏེ་དབྱང་། ཅི་ནན། པེ་ཅིང་བཅས་ཀྱི་གློག་བརྙན་ཁང17དུ་དུས་མཉམ་དུ་འགྲེམ་སྟོན་བྱས། དེ་མིན་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་བའི་རིང་གཙོ་བོ་སློབ་གྲྭ་དང་། སྡེ་ཁུལ། བྱིས་པའི་སྨན་ཁང་སོགས་སུ་ཟབ་འཇུག་བྱས་ཏེ་སྤྱི་ཕན་བརྙན་སྟོན་དང་སྤེལ་རེས་བྱས།
སྐབས་འདིའི་གློག་བརྙན་འགྲེམས་སྟོན་དེ་ཟླ10པའི་ཚེས12ནས་ཚེས24ཉིན་བར་ཀྲུང་གོ་དང་ཕྱི་རྒྱལ་གྱི་བྱིས་པའི་གློག་བརྙན60ཁྲིན་ཏུའུ་དང་། ཏེ་དབྱང་། ཅི་ནན། པེ་ཅིང་བཅས་ཀྱི་གློག་བརྙན་ཁང17དུ་དུས་མཉམ་དུ་འགྲེམ་སྟོན་བྱས། དེ་མིན་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་བའི་རིང་གཙོ་བོ་སློབ་གྲྭ་དང་། སྡེ་ཁུལ། བྱིས་པའི་སྨན་ཁང་སོགས་སུ་ཟབ་འཇུག་བྱས་ཏེ་སྤྱི་ཕན་བརྙན་སྟོན་དང་སྤེལ་རེས་བྱས།

རྒྱལ་ཡོངས་ཀྱི་གློག་བརྙན་ལ་དགའ་བའི་ལོ་ཆུང་འཐུས་མི་དང་རྒྱལ་སྤྱིའི་འོས་སྦྱོར་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ཐོག་དཔྱད་འདེམ་བྱས་པ་བརྒྱུད། ཅི་ནན་གྱི་མཇུག་སྒྲིལ་མཛད་སྒོའི་ཐོག་གཟི་བརྗིད་ཐོབ་མཁན་གྱི་མིང་བྱང་ཁྱབ་བསྒྲགས་བྱས་ཤིང་། ཟླ10པའི་ཚེས24ཉིན་བར་ཀྲུང་གོ་དང་ཕྱི་རྒྱལ་གྱི་བྱིས་པའི་གློག་བརྙན60ཁྲེང་ཏུའུ་དང་། ཏེ་དབྱང་། ཅི་ནན། པེ་ཅིང་བཅས་ཀྱི་གློག་བརྙན་ཁང17དུ་དུས་མཉམ་དུ་སྟོན་བཞིན་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
