logo

ལྷ་ལྕམ་མཚོས་རྒྱལ་ཡོངས་ཀྱི་བྱ་དགའ་དང་པོ་གཉིས་བླངས།

རྩོམ་པ་པོ།: ཡོང་ཁུངས།:ཞིན་ཧེ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-11-07 ཀློག་གྲངས།:
རྒྱལ་ཡོངས་གཞོན་ནུའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ཁྲོད་ཞིན་ཧེ་རྫོང་གི་སློབ་མ་ལྷ་ལྕམ་མཚོ་ཡིས་བྱ་དགའ་དང་པོ་གཉིས་བླངས།
 
       ཟླ10ཚེས25ཉིན། ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི2025ལོའི་རྒྱལ་ཡོངས་གཞོན་ནུ་ཚན་པའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ལས་ཅང་སུའུ་འགྲན་ཁུལ་དེ་ཡང་ཀྲིག་ལུས་རྩལ་སྤྱི་གླིང་ར་བ་རུ་སྤེལ། ཐེངས་འདིའི་འགྲན་བསྡུར་ལ་ཞིང་ཆེན(གྲོང་ཁྱེར། རང་སྐྱོང་ལྗོངས།)ཉི་ཤུ་ལྷག་ལ་ཉེ་བའི་འཐུས་ཚབ་རུ་ཁག་གི་ལུས་རྩལ་པ་ཞུགས་འདུག
       ཐེངས་འདིའི་འགྲན་བསྡུར་ལU20、U18、U16བཅས་ལོ་ཡི་རིམ་པའི་ཚན་ཆུང་གསུམ་དུ་བགར་ཡོད། དེ་དག་གི་ཁྲོད་དུ། རྒྱང་མཆོང་། རྐང་རྒྱུག གཡུག་འཕེན་སོགས་ཀྱི་ལུས་རྩལ་གྱི་རྣམ་གྲངས་འདུས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རྫ་རྒན་སྡེ་བའི་སྡེ་མི་འམ། མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གླིང་གི་ལུས་རྩལ་པ་ལྷ་ལྕམ་མཚོ་ཡིས་སྐྱེས་མའི་སྐོར་ཁག་གིU16ཚན་སྐོར་གྱི་རྨིད1500ཅན་དངU16ཚན་སྐོར་གྱི་རྨིད3000ཅན་གཉིས་ལས་བྱ་དགའ་ཨང་དང་པོ་གཉིས་བླངས།
འབྲེལ་ཡོད་འོས་སྦྱོར།