ས་དམར་གྲགས་པའི་སྙན་ངག་འགྱུར་དེབ་ལ་དབྱི་ཐ་ལིར་ལོ་ཙཱའི་བྱ་དགའ་ཐོབ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
དུས་ཚོད།:2025-11-27
ཀློག་གྲངས།:
ཟླ11པའི་ཚེས22ནས23བར། “མདུན་ལྗོངས་ཚོད་ལྟ་ཁང”གི་རྒྱལ་སྤྱིའི་སྙན་ངག་དང་ལོ་ཙཱའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྐབས་གཉིས་པ་དབྱི་ཐ་ལིའི་གྲོང་ཁྱེར་ཏི་ལི་ཡ་སི་ཐེ་ནས་བདེ་བླག་ངང་འཚོགས། སྐབས་འདིའི་མཛད་སྒོ་ནི་གྲོང་ཁྱེར་ཏི་ལི་ཡ་སི་ཐེ་སྲིད་གཞུང་དང་ཨེ་ཧྥེ་མེ་ལ་སྙན་ངག་མཐུན་ཚོགས་གཉིས་ཀྱིས་མཉམ་སྒྲུབ་གནང་ཞིང་། LETSརྩོམ་རིག་རྟེན་མཛོད་ཁང་གིས་འགན་སྒྲུབ་གནང་བ་དང་། ཁཱར་ཙོ་ལ་ལི་ཐེབས་རྩ་ཚོགས་པས་མ་དངུལ་གྱི་རོགས་རམ་ཐོག་ཝེན་པེ་ཐོ·སཱ་པ་དཔེ་རྙིང་དཔེ་ཁང་གིས་རྒྱབ་སྐྱོར་གང་ཆེ་གནང་།

སྔར་ནས་སྐད་བརྡ་དང་རྩོམ་རིག་གི་འདུ་གནས་སུ་བསྔགས་པའི་གྲོང་ཁྱེར་འདི་ཉིད་ཡང་བསྐྱར་རྒྱལ་སྤྱིའི་སྙན་ངག་དང་ལོ་ཙཱའི་གླེང་སྟེགས་སུ་གྱུར། སྐབས་འདིའི“མདུན་ལྗོངས་ཚོད་ལྟ་ཁང”བྱ་དགས“མདུན་ལྗོངས”དམིགས་སུ་བཟུང་ཞིང་། དཔར་སྐྲུན་མ་བྱས་པའི་སྙན་བཏུས་དང་དཔེ་བསྐྲུན་ཟིན་པའི་དེབ། ལོ་ཙཱ་བཅས་བྱ་དགའ་རིགས་ཆེན་པོ་གསུམ་དུ་དབྱེ། དཔྱད་འདེམ་ལྟར་རྒྱལ་སྤྱིའི་འོས་མི160ལྷག་ལས་སྒྱུ་རྩལ་པ་དགུ་འབུར་དུ་ཐོན་ཏེ། རྟིང་རྩོད་ལ་ཚུད་ཅིང་ཏི་ལི་ཡ་སི་ཐེའི་བཞུགས་སྡོད་རྣམ་གྲངས་ལ་ཞུགས། ཁོང་ཅག་ནིEmanuela Ceddia、Flavia Fratini、Giacomo Vit、Alessandro Anil、Paola Ballerini、Matteo Tasca、Stefano Bottero、Fiori PiccདངMarta Maria Ricciབཅས་ཡིན།
ཉིའུ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོEmmanuela Tandelloལགས་ཀྱིས་ཀྲུའུ་ཞི་གནང་བའི་དཔྱད་ཞིབ་ཚོགས་པ་ནིOlmo Calzolari、Agnese Fabbri、Carlo Rettore、Daniele Garbuglia、Franca MancinelliདངMary Barbara Tolussoབཅས་ཀྱིས་གྲུབ་ལ། དགེ་རྒན་ཆེན་མོTandelloལགས་ཀྱིས་གསོལ་ཅོག་སྒོར་དབྱིབས་མའི་བགྲོ་གླེང་ལ་མདོ་འཛིན་ཐོག་སྙན་རྩོམ་གྱེར་འདོན་གནང་སྟེ་ཏི་ལི་ཡ་སི་ཐེ་ལ་རྩོམ་རིག་གི་ལམ་ནས་གུས་འདུད་ཞུས།སྐབས་འདིའི་ལོ་ཙཱའི་བྱ་དགའ་ནི་ལོ་ཙཱ་བ་ཧྥེའོ་ལི་ཕི་ཁེ་ལགས་ཀྱིས་བོད་ཀྱི་སྙན་ངག་པ་ས་དམར་གྲགས་པའི་སྙན་དེབ་གསར་པ«རང་ཁྱིམ་གསལ་བྱེད་ཀྱི་མིང་ཐོ»ལོ་ཙཱ་གནང་པའི་ལག་རྗེས་ལ་གནང་། དཔྱད་ཞིབ་ཚོགས་པས་བྱ་དགའ་སྤྲོད་ཚིག་ཏུ“རི་གྲོང་གི་འབྲོག་གླུ་དང་དེང་རབས་འཚོ་བ། བསམ་བློའི་ཆ་དང་དངོས་ཡོད་ཀྱི་ཆ་དག་གསལ་ལ་འཚེར་བའི་ཡི་གེའི་ཁྲོད་དུ་ཞི་མཐུན་སྒོས་གནས་ལ། མཉམ་བརྗེ་དང་ཞིབ་ལྟ་ནི་དབྱི་ཐ་ལིར་མཐོང་དཀོན་པའི་དོན་བརྗོད་སྙན་ངག་གི་ས་བོན་དུ་གྱུར”ཞེས་བྲིས། དཔྱད་གཏམ་དུ་ཕི་ཁེ་ལགས་ཀྱི་ལོ་ཙཱ་ཕུལ་དུ་བྱུང་ལ་ཚད་དང་རན་པ། མ་ཡིག་གི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་ལ་བློ་དཀར་བ་དང་ཆབས་ཅིག་ཁ་གསལ་ཞིང་ངག་ལ་བདེ་བའི་དབྱི་ཐ་ལིའི་སྐད་ཀྱི་ལམ་ནས་རྩོམ་འབྲི་དང་མི་ཚེའི་ཉམས་སྣང་གི་གོ་བ་ཟབ་མོ་ཀུན་གྱི་སྤྱན་སྔར་བསྟར་ཅེས་བཀོད་འདུག
བྱ་དགའ་ཐོབ་རྗེས་ཧྥེའོ་ལི་ཕི་ཁེ་ལགས་ཀྱིས“ང་རང་རྩོམ་རིག་གི་གྲོང་ཁྱེར་ཏི་ལི་ཡ་སི་ཐེའི་རྩོམ་རིག་འཚོ་བར་ཞུགས་ཐུབ་པ་དང་གནས་དེར་སྙན་ངག་པ་གྲགས་ཅན་ས་དམར་གྲགས་པ་ལགས་ཀྱི་ཚབ་ཞུ་ཐུབ་པར་སེམས་པ་སྤྲོ་བས་བརྟས། ཁོས་ཇི་ལྟར་ཚིག་ཉུང་ལ་ཚོར་བ་སྐྱེན་པ། སེམས་རྩར་འཛུལ་བའི་ཡི་གེས་ཀློག་པ་པོའི་སེམས་པར་གླན་དགོས་པ་མཁྱེན”ཞེས་བཤད། སྐབས་འདིའི་མཛད་སྒོས“མདུན་ལྗོངས་ཚོད་ལྟ་ཁང”བྱ་དགས་རྒྱལ་སྤྱིའི་སྙན་ངག་དང་ལོ་ཙཱར་སྐུལ་འདེད་གཏོང་བའི་རྩ་དོན་གྱི་རྒྱུན་བསྲིངས་ཐོག ཏི་ལི་ཡ་སི་ཐེ་ནི་རིག་གནས་མི་འདྲ་བ་གདན་གཅིག་ལ་འཛོམས་པའི་གཞི་མ་ཡིན་པའི་གོ་བབ་ཇེ་བརྟན་དུ་བཏང་།

དཔྱད་གཏམ།
རི་གྲོང་སྙན་ངག་ལྟར་དུ་དེང་རབས་དང་བསམ་བློ། དངོས་ཡོད་ཀྱི་ཆ་དག་གསལ་ལ་འཚེར་བའི་ཡི་གེའི་ཁྲོད་དུ་ཞི་མཐུན་སྒོས་གནས་ལ། མཉམ་བརྗེ་དང་ཞིབ་ལྟ་ནི་དབྱི་ཐ་ལིར་མཐོང་དཀོན་པའི་དོན་བརྗོད་སྙན་ངག་གི་ས་བོན་དུ་གྱུར། འདི་ལྟ་བུའི་རྩོམ་ལུགས་ཀྱིས་དེང་གི་རྩོམ་པ་པོའི་ཚོགས་ལ་བློ་བསྐྱེད་ཐོབ་པའི་རེ་འདུན་ཞུ། མདུན་ལྗོངས་ཚོད་ལྟ་ཁང་གིས་ད་ལོ་གྲོང་ཁྱེར་ས་པཱར། འཚོ་བ་དཀྱུས་མ་དང་འཚོ་བ་དྲོད་ཀྱིས་སྐྱོང་བའི་སྙན་ངག་པ། ས་དམར་གྲགས་པའི་བརྩམས་ཆོས་ཀྱི་ལོ་ཙཱ་བ་ཧྥེའོ་ལི་ཕི་ཁེ་ལགས་ལ་གཟེངས་བསྟོད་གནང་། ཁོ་མོས་རྩོམ་འབྲི་དང་མིའི་རིགས་ཀྱི་རྫོགས་རྒྱུ་མེད་ལ་འབད་པས་འཇུག་པའི་ལས་དོན་གྱི་མཐོང་རྒྱ་གཉིས་ལེགས་པར་འདུམ་ལ། མ་ཡིག་གི་ཐུན་མོང་མ་ཡིན་པའི་ཆ་དང་དབྱི་ཐ་ལིའི་སྐད་དུ་ཁ་གསལ་བོར་འགོད་པའི་མཚམས་ལེགས་པར་སྦྱར།
ལོ་ཙཱ་བའི་ངོ་སྤྲོད།

རྒྱ་ཡིག་གི་མིང་ལ་ཞོལ་ལེན་ཟེར་ཞིང་། དབྱི་ཐ་ལིའི་མིང་དུ་གྲགས་པའི་རྒྱ་རིག་པ་མཁས་ཅན། རྒྱལ་སྤྱིའི་རྩོམ་པ་པོ། ཡིག་རིགས་སྣ་མང་གི་ལོ་ཙཱ་བ། དབྱི་ཐ་ལིའི་ཧྭ་ཏ་ཞི་ཡ་དཔེ་སྐྲུན་ཁང་གི་གཙོ་འཛིན། ཝེ་ཉི་སིའི་ཤར་ཕྱོགས་སློབ་གྲྭ་ཆེན་མོར་རྒྱ་ཡིག་དང་ཀྲུང་གོའི་རྩོམ་རིག་ཆེད་ལས་སྦྱངས་ཏེ་སློབ་ཐོན་བྱུང་། བརྩམས་ཆོས་ལ་སྒྲུང་ཐུང«ང་རང་ཁྱེད་ལ་དགའ། མཚམས་སྤྲིན་གྱི་ལྷོ་མཐའ»དང་། སྒྲུང་རིང«ལས་ཀྱི་གསེར་ཟམ་བརྒལ་བ» «འདས་སོང་ལ་སྤྲིངས་པ» «གཡང་ཊི་དམར་པོ» «མཐོང་ལམ་ཡག་མོ» «སྣང་བའི་ཕྱེ་ལེབ»སོགས་ཡོད། དབྱི་ཐ་ལིའི་ཡཱ་ཁེ་ཕུའུ་ལེ་ཝེར་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ་དང་། དབྱི་ཐ་ལིའི་ལོན་པཱ་ས་ཁུལ་སྲིད་གཞུང་གི་རྒྱལ་སྤྱིའི་བུད་མེད་ཕུལ་བྱུང་གི་བྱ་དགའ། དབྱི་ཐ་ལིའི་ལཱ་ཏིས་ན་གྲོང་ཁྱེར་གྱི་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ། དབྱི་ཐ་ལིའི་ཨ་ཀྲིན་ཐ་ལི་ཨོ་རྩོམ་རིག་བྱ་དགའ་སོགས་ཐོབ། 2021ལོར་སྒྲུང་རིང«མཐོང་ལམ་ཡག་མོ»རྒྱ་ཡིག་མ་དཔར་དུ་བསྐྲུན་པར་ཀྲུང་གོའི་རྩོམ་པ་པོ་ལན་ཞིན་གྱིས་རྩོམ་སྒྲིག་པའི་འགན་ཁུར་ཐོག་མགོ་བརྗོད་བྲིས་པ་དང་། པཱ་པོ་ལོ་ཉེ་ལུའུ་ཏེ(Pablo Ne-ruda)རྒྱལ་ཕྱིའི་རྩོམ་རིག་བྱ་དགའ་ཨང་དང་པོ་ཐོབ། སྒྲུང་ཐུང«སྣང་བའི་ཕྱེ་ལེབ»ལ་མི་ཁེ་ལང་ཆི་ལོ་པོ་ནཱ་ལོ་ཏི་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ་ཐོབ། ལོ་ཙཱའི་བརྩམས་ཆོས་ལ་ཐའེ་ཉིན་གྱི«ཆར་གྱིས་མ་གོས་པའི་གྲོང་ཁྱེར»དང་། ཨ་ལེ་ཡི«སྤྲིན་རུམ་གྱི་ཡི་གེ»སོགས་ཡོད། 2018ལོར་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ལུའུ་ཞུན་རྩོམ་རིག་སློབ་གླིང་གི་རྒྱལ་སྤྱིའི་རྩོམ་འབྲི་འཆར་གཞིར་ཞུགས་པ་མ་ཟད“ཀྲུང་གོའི་རྩོམ་རིག་གི་ཤག་པོ”ཞེས་པའི་དཔང་ཡིག་ཐོབ། བློ་ཡི་འཇུག་པ་མིའི་རིགས་ཀྱི་དྲན་པའི་ཤུལ་བཞག་ནཱ་ཞི་སྟོན་པའི་དཔེ་རྙིང་ལ་ཆེ་བས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་བྱས་པ་ཆེར་བཞག་ཡོད།
རྩོམ་པ་པོའི་ངོ་སྤྲོད།
རྩོམ་པ་པོའི་ངོ་སྤྲོད།

ས་དམར་གྲགས་པའམ་གྲགས་པ་རྒྱ་མཚོ། མིང་གཞན་གཡག་རྭ། ལོ་རབས་བརྒྱད་ཅུའི་ནང་ཅོ་ནེ་ས་དམར་དུ་སྐྱེས། རྩོམ་རིག་གི་བྱས་འབྲས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུས་དེབ་དང་ཚགས་ཤོག་སྟེང་སྙན་ངག་གཙོས་བརྩམས་ཆོས་བརྒྱ་ཕྲག་འགའ་བཀོད། སྔ་རྗེས་སུ2009ལོར་སྐབས་གསུམ་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་དང་། 2017ལོར་རྒྱལ་ཡོངས་སྐབས་དང་པོའི«ཐུ་བྷོད་སྙན་ངག་མཁན་པོའི»མཚན་སྙན་བྱ་དགའ་དང་། 2020ལོར2020ལོའི་དབྱི་ཐ་ལིའི“རྒྱལ་སྤྱིའི་གསེར་སྨྱུག་བྱ་དགའ”དང་། 2021ལོར་སྐབས་དགུ་པའི་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་དང་། 2023ལོར་སྐབས་བཅུ་པའི་དབྱི་ཐ་ལིའི་རྒྱལ་སྤྱིའི་ཨ་པོ་ལའོ•ཏིའོ་ཉོ་སོས་སྙན་ངག་བྱ་དགའ་སོགས་ཐོབ། ལྷུག་རྩོམ་སྙན་ངག་དེབ«སེམས་ཚེགས»དང་། སྙན་ངག་དེབ«གཡོས་ཁང་གི་མདོ»དང«སྐར་མའི་ས་ཁྲ» རྒྱ་ཡིག་གི་སྙན་ངག་དེབ«རང་ཁྱིམ་གསལ་བྱེད་ཀྱི་མིང་ཐོ»དང་། དབྱི་ཐ་ལིའི་སྐད་ཀྱི་སྙན་ངག་དེབ«སྐྱེ་བ་བོད»སོགས་དེབ་དགུ་པར་དུ་བསྐྲུན། བརྩམས་ཆོས་རེ་འགའ་ཨིན་སྐད་དང་། དབྱི་ཐ་ལིའི་སྐད། སི་ཕེན་གྱི་སྐད་སོགས་ཡིག་རིགས་བདུན་ལ་བསྒྱུར་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
