2026ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པར་དམ་བཅའ་འཇོག་པ་དང་ལག་ཁྱེར་འབུལ་བའི་མཛད་སྒོ་འཚོགས་པ།
རྩོམ་པ་པོ།:ཀླུ་མོ་མཚོ་ཡིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2026-04-09
ཀློག་གྲངས།:
2026ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པར་དམ་བཅའ་འཇོག་པ་དང་ལག་ཁྱེར་འབུལ་བའི་མཛད་སྒོ་ཟླ4པའི་ཚེས5ཉིན་གྱི་སྔ་དྲོར་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་པ་རེད། 2026ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པར་རྒྱུགས་འབུལ་ཆོག་པའི་དགེ་འདུན་པ་དང་། རྒྱུགས་དཔྱད་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཟུར་རྒྱུགས་འབུལ་མཁན་གྱི་དགེ་འདུན་པ་སོགས་མི278མཛད་སྒོར་ཞུགས་ཡོད།

པར་འདི་དག་ནི་དགེ་བཤེས་ལྷ་རམས་པར་དམ་བཅའ་འཇོག་པའི་ཡུལ་དངོས་རྣམ་པ་རེད།
རྒྱུགས་དཔྱད་ཨུ་ཡོན་ལྷན་ཁང་གིས་དཔྱད་འདེམས་ནན་མོ་བྱས་པ་བརྒྱུད། སེ་ར་དགོན་གྱི་དགེ་འདུན་པ་ངག་དབང་ལེགས་བཤད་ལ་ཨང་དང་པོ་ཐོབ་པ་དང་། ཆབ་མདོ་དབྱེན་འདུམ་དགོན་གྱི་དགེ་འདུན་པ་ཀརྨ་འཕྲིན་ལས་དང་ཆབ་མདོ་བྱམས་པ་གླིང་དགོན་གྱི་དགེ་འདུན་པ་བྱམས་པ་འཇམ་དབྱངས་ལ་ཨང་གཉིས་པ། འབྲས་སྤུངས་དགོན་གྱི་དགེ་འདུན་པ་བློ་བཟང་ཡོན་ཏན་ལ་ཨང་གསུམ་པ། ནག་ཆུ་ཆོས་འཁོར་དགོན་གྱི་དགེ་འདུན་པ་བསྟན་འཛིན་ཉི་མར་ཨང་བཞི་པ། རྭ་སྟོད་དགོན་གྱི་དགེ་འདུན་པ་བློ་བཟང་རྒྱལ་མཚན་ལ་ཨང་ལྔ་པ། ཆབ་མདོ་དཔའ་ཤོད་དགོན་གྱི་དགེ་འདུན་པ་བསྟན་པ་ཚངས་དབྱངས་དང་། བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པ་ཕུན་ཚོགས་བསྟན་དར། ཆབ་མདོ་ཤོག་ལྷུང་དགོན་གྱི་དགེ་འདུན་པ་ཡེ་ཤེས་རྒྱ་མཚོ། ནག་ཆུ་རོང་པོ་རབ་བརྟན་དགོན་གྱི་དགེ་འདུན་པ་ངག་དབང་བློ་བཟང་། ཆབ་མདོ་ཐུགས་ཆགས་དགོན་གྱི་དགེ་འདུན་པ་བློ་བཟང་དོན་ལྡན། དགའ་ལྡན་དགོན་གྱི་དགེ་འདུན་པ་ངག་དབང་བརྩོན་འགྲུས། ལྷོ་ཁའི་བཀྲ་ཤིས་དོ་ཁ་དགོན་གྱི་དགེ་འདུན་པ་ངག་དབང་ཕུན་ཚོགས་བཅས་ལ་ཨང་དྲུག་པ་ནས་བཅུ་གཉིས་བར་ཐོབ་ཡོད།

པར་འདི་དག་ནི་དགེ་བཤེས་ལྷ་རམས་པར་དམ་བཅའ་འཇོག་པའི་ཡུལ་དངོས་རྣམ་པ་རེད།
དགེ་བཤེས་ལྷ་རམས་པའི་མཚན་གནས་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་མདོ་སྔགས་གཞུང་ལུགས་ལ་ཐོབ་བསམ་མཐར་ཕྱིན་པར་བྱས་པའི་མདོ་ཕྱོགས་ཀྱི་སྲོལ་རྒྱུན་སློབ་གསོའི་ཡོན་ཚད་མཐོ་ཤོས་ཀྱི་མཚན་གནས་ཡིན་ཞིང་། མིག་སྔའི་བར་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པའི་དགེ་འདུན་པ215ཡོད། །

པར་འདི་དག་ནི་དགེ་བཤེས་ལྷ་རམས་པར་དམ་བཅའ་འཇོག་པའི་ཡུལ་དངོས་རྣམ་པ་རེད།

པར་འདི་དག་ནི་དགེ་བཤེས་ལྷ་རམས་པར་དམ་བཅའ་འཇོག་པའི་ཡུལ་དངོས་རྣམ་པ་རེད།

པར་འདི་དག་ནི་དགེ་བཤེས་ལྷ་རམས་པར་དམ་བཅའ་འཇོག་པའི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པའི་དགེ་འདུན་པ་དང་ཚོགས་ཞུགས་མགོ་ཁྲིད་ཀྱིས་མཉམ་པར་བསྐྱོན་པའི་རྣམ་པ་རེད།
འབྲེལ་ཡོད་འོས་སྦྱོར།
