logo

བོད་རིགས་ཞིབ་འཇུག་པ་དཔལ་ལྡན་ཚེ་རིང་ལ་དབྱིན་ཇིའི་རྒྱལ་ཚང་ས་ཁམས་སློབ་ཚོགས་ཀྱི༢༠༢༥ལོའི་ལོ་འཁོར་བྱ་དགའ་ཐོབ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-04-29 ཀློག་གྲངས།:
       ཉེ་ལམ། འཛམ་གླིང་ས་ཁམས་རིག་པའི་ཁྱབ་ཁོངས་སུ་དབང་གྲགས་ཆེས་ཆེར་ལྡན་པའི་དབྱིན་ཇིའི་རྒྱལ་ཚང་ས་ཁམས་སློབ་ཚོགས་ཀྱིས2025ལོའི་ལོ་འཁོར་བྱ་དགའ་ཐོབ་པའི་མིང་ཐོ་བསྒྲགས་ཏེ་འཛམ་གླིང་གི་ཁྱད་འཕགས་མཁས་པ24ལ་གཟེངས་བསྟོད་བྱས། བྱ་དགའ་འདིའི་དཔྱད་འདེམས་ཚད་གཞི་གཟབ་ནན་ཡིན་ལ་རྒྱལ་སྤྱིའི་ཁས་ལེན་བྱེད་ཚད་ཤིན་ཏུ་མཐོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་འབྲོག་ལས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་དཔལ་ལྡན་ཚེ་རིང་གིས་དབྱིན་ཇིའི་རྒྱལ་ཚང་ས་ཁམས་སློབ་ཚོགས་ཀྱིས་གཉེར་བའི་སྲོག་ཤིང་དུས་དེབ«ས་ཁོངས»སྟེང་སྤེལ་བའི་དཔྱད་རྩོམ«སྡེབ་བསྲེས་རྩྭ་སའི་བཅོས་སྐྱོང—ཀྲུང་གོའི་འབྲོག་ཁུལ་གྱི་སྲིད་ཇུས་དང་ལག་ལེན་གྱི་བར་དུ»ཞེས་པ་ལ2025ལོའི་ལོ་འཁོར་བྱ་དགའ་ཐོབ་འདུག
       འབུམ་རམས་པ་དཔལ་ལྡན་ཚེ་རིང་ལགས་ཀྱིས་དབྱིན་ཇིའི་ཁེན་ཐི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་སྐྱེ་ཁམས་མིའི་རིགས་རིག་པའི་རབ་འབྱམས་བསླབས་གནས་དང་དབྱིན་ཇིའི་འཕེལ་རྒྱས་ཞིབ་འཇུག་གླིང་ནས་འཕེལ་རྒྱས་རིག་པའི་འབུམ་རམས་པའི་བསླབས་གནས་བླངས་ཤིང་། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་དང་འབྲོག་ལས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ། རྒྱལ་སྤྱིའི་དུས་དེབ་གཉིས་ཀྱི་རྩོམ་སྒྲིག་པ་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། ཁོང་གིས་འབྲོག་ཁུལ་གྱི་ཐོན་ཁུངས་བཅོས་སྐྱོང་དང་། འབྲོག་ཁུལ་གྱི་འཚོ་ཚིས་རྒྱུན་མཐུད། འབྲོག་ཁུལ་གྱི་སྲུང་སྐྱོང་དང་འཕེལ་རྒྱས་བཅས་ལ་ལོ་ངོ་བཅུ་ཕྲག་རིང་ཞིབ་འཇུག་བྱས་ཏེ། འཛམ་གླིང་གི་འབྲོག་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་བློ་གྲོས་སྐྱེས་སུ་ཕུལ་ཡོད།
འབྲེལ་ཡོད་འོས་སྦྱོར།