logo

དཀར་མཛེས་ཁུལ་བྲག་འགོའི་ནམ་མཁའ་རྒྱན་ཐང་ག་སྒྱུ་རྩལ་རྟེན་གཞིའི་ཐང་ག་སྒྱུ་རྩལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-12-05 ཀློག་གྲངས།:


སྐྱེས་རབས་ཞལ་ཐང་གི་གཙོ་ལྷ།


ནམ་མཁའ་རྒྱན་གྱི་འབྲི་ལུགས།


སྨན་ཐང་པའི་འབྲི་ལུགས།


ཀརྨ་སྒར་བྲིས་ལུགས།


ནམ་མཁའ་རྒྱན་ཐང་ག་སྒྱུ་རྩལ་རྟེན་གཞི་ནང་གི་ཐང་ག་སྣ་ཚོགས།


འཇིགས་བྱེད་ལྷ་བཅུ་གསུམ་གྱི་ཞལ་ཐང་། 


ནམ་མཁའ་རྒྱན་ཐང་ག་སྒྱུ་རྩལ་རྟེན་གཞི་ནང་གི་ཐང་ག་སྣ་ཚོགས།

     བཟོ་བོ་བི་ཤྭ་ཀརྨའི་རྣམ་རོལ་སྤྲུལ་པའི་ལྷ་བཟོ་ནམ་མཁའ་རྒྱན་ནི་དུས་རབས་བཅུ་བདུན་པའི་འགོ(1610—1690ལོར)ལ་མདོ་ཁམས་བྲག་འགོ་རྫོང་ཤིས་མདོ་ཀྲེན་དཀྲོ་པ་གྲོང་ཚོ་རུ་འཁྲུངས་པ་དང་འཛམ་གླིང་དུ་མིང་དུ་གྲགས་པའི་ཐང་ག་འབྲི་མཁན་ཞིག་ཡིན།
     ཁོང་གིས་བོད་ཀྱི་སྒྱུ་རྩལ་རིག་པའི་དོ་ར་རུ་དུས་རབས་ཤིག་ལ་བསུབ་ཏུ་མེད་པའི་མཛད་རྗེས་བླ་ན་མེད་པ་བཞག་ཡོད་ཅིང་། འདི་ལྟ་བུའི་རིན་བྲལ་གྱི་ཐང་གའི་བྲིས་རྒྱུན་ནི་གནའ་ནས་ད་བར་དུ་རྒྱུན་འཛིན་བྱས་ཏེ་འཛམ་གླིང་སྤྱི་དང་ཁྱད་པར་དུ་ཆོལ་གསུམ་གངས་ཅན་ལྗོངས་སུ་དར་ཁྱབ་ཆེ་བའི་ནམ་མཁའ་རྒྱན་ལུགས་ཀྱི་ཐང་གའི་སྒྱུ་རྩལ་གྱི་གཟི་འོད་རྣམ་པར་བཀྲ།
     ཁོང་ཉིད་ཀྱི་ཕྱག་སོན་ལས་བྱུང་བའི་ཞལ་ཐང་ད་སྐབས་བཞུགས་སུ་གསོལ་བའི་སྟོན་པའི་སྐྱེས་རབས་དང་རྒྱན་དྲུག་མཆོག་གཉིས་སོགས་ནི་སྲིད་ན་བསྒྲུན་དུ་མེད་པའི་རིན་བྲལ་གྱི་ནོར་བུ་ཞིག་ཏུ་ངོས་འཛིན་བྱས་ཡོད། 2008ལོར་རིག་གནས་པུའུ་ཡིས་བྲག་འགོ་རྫོང་ལ་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་ཏེ་ཐང་གའི་ཕ་ས་ཞེས་པའི་མཚན་སྙན་གནང་།
ཁོང་གིས་བྲིས་པའི་ཐང་ག་ལ་ཁྱད་ཆོས་འགའ་ཡོད་དེ།
     གཅིག ཁོང་གིས་བྲིས་པའི་རི་མོའི་ནང་དུ་ངོ་བོ་གསལ་བོ་མཐོང་ཐུབ་པའི་ནུས་པའི་འོག་ཏུ་གོ་རིམ་གྱི་ངོས་གསལ་བ། རིང་ཐུང་བར་ཐག་གི་རིམ་སྣོན་དང་གསལ་སྒྲིབ་བར་བརྒལ་གྱི་འགྱུར་ལྡོག་མཚོན་ཡོད་པས་དཀྱུས་ཞེང་དཔངས་གསུམ་གྱི་འབུར་གཟུགས་ཀྱི་ཕན་འབྲས་མཚོན་ཡོད་པ།
     གཉིས། གསེར་རྫས་བཀོད་པའི་ལག་རྩལ་དང་སྐུད་འཐེན་གྱི་བཀོལ་སྤྱོད་སོགས་ངེས་ཅན་ཞིག་གི་ཚད་ཐིག་ལ་སླེབས་ཡོད་པ།
     གསུམ། རི་མོ་ཡི་སྤྱི་ཁོག་ལ་ཟུར་ཆ་ཡིས་རྒྱན་སྤྲས་པས་གཞི་གཅིག་འགྱུར་པ་དང་ཕྲ་འབྲི་ཡི་ལག་རྩལ་བླ་ན་མེད་པས་གཅིག་ལས་གཉིས་མེད་ཀྱི་ལྷ་སྨྱུག་གི་མིང་འདི་ཐོབ་པ།
   བྲག་འགོ་ནི་རི་བོ་བ་གྲགས་ཅན་ལྷ་བཟོ་ནམ་མཁའ་རྒྱན་གྱི་འཁྲུངས་གནས་ཡིན་པ་དང་ཁོང་གིས་ནམ་མཁའ་རྒྱན་རི་མོ་འབྲི་སྲོལ་གྱི་རྒྱུད་འཛིན་པ་སྐྱེད་སྲིང་བྱས་ནས་ད་བར་དུ་རྒྱུན་ཆད་མེད་པ་རེད། དེ་ནས་བཟུང་བྲག་འགོ་ཐང་ག་སྒྱུ་རྩལ་དར་སྤེལ་གྱི་ལམ་བུར་གདོད་མའི་མུ་འབྲེལ་གྱི་སྙིང་བཅུད་ཞིག་བསྐྲུན་ཡོད་པ་དང་འབྲས་བཟང་དེ་དག་ལ་བརྟེན་ནས་བྲག་འགོ་འདི་རྒྱལ་ཁབ་རིག་གནས་པུའུ་ཡི་ཀྲུང་གོ་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ་ནང་དུ་བདམས།
     མིག་སྔར་བྲག་འགོ་རྫོང་ནམ་མཁའ་རྒྱན་ཐག་ག་སྒྱུ་རྩལ་གྱི་གྲོས་ཚོགས་འདིའི་ནང་དུ་རི་མོ་བ200ལྷག་ཞུགས་ནས་སྒྱུ་རྩལ་འདི་རྒྱུད་འཛིན་དང་དར་སྤེལ་བྱེད་བཞིན་ཡོད། ད་ལྟ་བོད་ཁུལ་དུ་དགའ་བསུ་དང་གདེང་འཇོག་ཐོབ་ཡོད་པ་མ་ཚད་ཕྱི་ཡི་རྒྱལ་ཁབ་ཨ་མེ་རི་ཁ་དང་རང་རྒྱལ་གྱི་ཐེ་ཝན། པེ་ཅིང་། ཧྲང་ཧའེ། ཧང་ཀྲུག  ཀོང་ཏུང་སོགས་ལ་རྒྱང་འཚོང་བྱེད་བཞིན་ཡོད་པས་བྲག་འགོ་ཡི་སྤུས་བཟང་ཐང་ག་འདི་བསྡུ་ཉར་བྱེད་མཁན་ཆད་མེད།


འབྲེལ་ཡོད་འོས་སྦྱོར།