སོག་པོ་པ་པི་ལིག་གི་རབ་བཏགས་རི་མོ་བདམས་བཀོད།
རྩོམ་པ་པོ།:
ཡོང་ཁུངས།:རྨ་ལྷོའི་སོག་ཤོག
དུས་ཚོད།:2022-11-04
ཀློག་གྲངས།:

རྩོམ་མཁན་ངོ་སྤྲོད།
པ་པི་ལིག ཕོ། སོག་རིགས། 1965ལོར་ནང་སོག་ཞི་ལིན་གྷོལ་ཨེ་མག་སུ་ཉོད་ཇོན་ཧོ་ཞོད་ཧོང་གུར་སོམ་དུ་འཁྲུངས། ད་ལྟ་ཞི་ལིན་གྷོལ་ལས་རིགས་སློབ་གྲྭའི་སོག་སྐད་ཡིག་རིག་གནས་དང་སྒྱུ་རྩལ་སྡེ་ཁག་ཏུ་ཕྱག་ལས་གནང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རྩལ་པ་ཡིན། ལོ་རབས་དགུ་བཅུ་པའི་དུས་མགོ་ནས་བཟུང་རབ་བཏགས་རི་མོ་གསར་རྩོམ་གྱི་ལས་ལ་ཞུགས་པ་དང་། ད་ལྟའི་བར་རབ་བཏགས་རི་མོ་དང་བར་བཅུག་རི་མོ3000ལྷག་སྤེལ་ཡོད། བརྩམས་ཆོས་དེ་དག་ལ་རང་རྒྱལ་དང་ཁོ་རེ་ཡ། པེར་ཀྲེམ་དང་ཨི་ཐ་ལི། འཇར་མན། པར་ཙེར་སོགས་རྒྱལ་ཁབ56གི་འགྲེམ་སྟོན་དང་འགྲན་བསྡུར་ཁྲོད་བྱ་དགའ་ཐེངས300ལྷག་ཐོབ་འདུག །

2022ལོའི་ཁོ་ལུའོ་ཏི་ཡCAKOVECརྒྱལ་སྤྱིའི་རབ་བཏགས་རི་མོའི་འགྲེམ་སྟོན་ནི་ཁུ་ལུའོ་ཏི་ཡའི་རྒྱལ་སྤྱིའི་རབ་བཏགས་རི་མོའི་འགྲེམས་སྟོན་ཆེ་ཤོས་ཡིན་ཞིང་། ད་བར་དུ་བསྟུད་མར་སྐབས7སྤེལ་འདུག །ད་ལོའི་བརྗོད་དོན་གཙོ་བོ“ལས་ཞོར་ལུས་རྩལ”ཞེས་པ་ཡིན་པ་དང་། ཐེངས་འདིའི་འགྲེམ་སྟོན་ལ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ53གྱི་རི་མོ་བ271གི་འགྲན་ཞུགས་བརྩམས་ཆོས528འབྱོར་ཡོད།
འཛམ་གླིང་ས་གནས་སོ་སོ་ནས་ཡོང་བའི་རབ་བཏགས་རི་མོ་བ་དག་གིས་མཚོན་སྟངས་མི་འདྲ་བའི་རྣམ་པའི་ཐོག་ནས“ལས་ཞོར་ལུས་རྩལ”གྱི་བརྗོད་དོན་གཙོ་བོ་མཚོན་པར་བྱས་ཤིང་། དཔྱད་འདེམ་པའི་དཔྱད་བསྡུར་ནན་ཏན་བརྒྱུད་སོག་པོའི་རི་མོ་བ་པ་པི་ལིག་གི་བརྩམས་ཆོས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། འཇར་མན་དང་ཡུག་རེན་གྱི་རི་མོ་བ་གཉིས་ལ་སོ་སོར་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ།
ཁོང་གི་རབ་བཏགས་རི་མོ་མང་པོ་ལས་འཐུས་ཚབ་བརྩམས་ཆོས་འགའ་བཀོད་ན།
ཁོང་གི་རབ་བཏགས་རི་མོ་མང་པོ་ལས་འཐུས་ཚབ་བརྩམས་ཆོས་འགའ་བཀོད་ན།

འཚེམ།

བརྩེ་འདང་སྙིང་གོར་མ།

བསིལ་རོལ།

འཚམས་འདྲི།

མཇུག་མཐའི་རོལ་རྩེད།

གདོང་འཕྲད།

དྲོད་འདོན།

བཏུང་བ་ཉག་གཅིག

གོ་ནོར།

ལོག་ཕེབས།

སྒོ་སྲུང་།

ལྡོག་སྐྱོད་པ།

ཆུ་འདྲེ།

ཀི་རིང་།

གཅན་གཟན་འདུལ་མཁན་གྱི་སྟབས་ཉེས།

ཐར་བ།

ཨ་མའི་བྱམས་བརྩེ།

མི་སླེབས་བྱུང་།

ཕུགས་བསམ།
འབྲེལ་ཡོད་འོས་སྦྱོར།