ས་ནག་གཞས་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་བའི་བརྙན་འཁོར་འགྲེམ་སྤེལ་ཆེད་ཚོགས་སྤེལ་གྲབས་ཡོད་པ།
ས་ནག་གཞས་ཚོགས་ཀྱི་ཆེད་བསྒྲིགས་བརྙན་འཁོར《ས་ཆེན་ཨ་མར་ཕུལ་བའི་གླུ》ཞེས་པའི་འགྲེམ་སྤེལ་པར་རིས།
དེ་སྔར་དྲ་ངོས་སོགས་སུ་གསར་འགྱུར་དང་བརྡ་ཁྱབ་ཀྱི་རྣམ་པས་མཚམས་སྦྱོར་བྱས་མྱོང་པའི་གསར་བྱུང་གཞས་ཚོགས་ཏེ་ས་ནག་གཞས་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་བརྗོད་གཞིར་བྱས་པའི་ཆེད་བསྒྲིགས་བརྙན་འཁོར《ས་ཆེན་ཨ་མར་ཕུལ་བའི་གླུ》ཞེས་པ་ལེགས་འགྲུབ་བྱུང་བའི་རྟེན་འབྲེལ་གྱི་མཛད་སྒོ་སྟེ། “ས་ནག་གཞས་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་བའི་བརྙན་འཁོར་འགྲེམ་སྤེལ་ཆེད་ཚོགས”ཞེས་པ་ཟླ11པའི་ཚེས20ཉིན་གྱི་དགོང་མོའི་ཆུ་ཚོད8:00ཀྱི་སྟེང་ཀླུ་ཆུ་རྫོང་མི་དམངས་ཚོམས་ཁང་ཆེན་མོ་ནས་འཚོགས་རྒྱུ་ཡིན་པ་མ་ཟད། གདན་ཞུའི་སྐུ་མགྲོན་ལའང་བོད་ཀྱི་སྒྱུ་རྩལ་པ་ཆེན་མོ་སྨན་བླ་སྐྱབས་དང་། གཙོས་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་དཔོན་ཆེན་མོ་སྒོམ་པ་བཀྲ་ཤིས། གཞས་གདངས་རྩོམ་མཁན་པད་མ་དང་ཚུལ་ཁྲིམས། དེ་མིན་གངས་ཅན་པ་སྒྲོལ་མ་སྐྱབས། བདེ་སྐྱིད་ཚེ་རིང་། འོ་གཞུགས་སྐྱིད། ཧོར་སྐྱེས་སྒྲོལ་མ་སྐྱབས་སོགས་བོད་ཡུལ་ན་སྙན་གྲགས་ཆེ་བའི་མི་སྣ་སྐོར་ཞིག་ཀྱང་གདན་ཞུས་གནང་ཡོད་པས་སྐུ་ཉིད་དུས་ལྟར་ཕེབས་པར་དགའ་བསུ་ཞུ།