གྲོང་ཁྱེར་གྱི་གར་སྟེགས་སྟེང་གི་བོད་རིགས་ན་གཞོན།
རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བའི་དུས་སུ། སི་ཁྲོན་བོད་ཁུལ་དང་བོད་ལྗོངས། མཚོ་སྔོན་སོགས་བོད་ཁུལ་ནས་ཡོང་བའི་ན་གཞོན40ལྷག་རང་ཡུལ་དུ་མ་ལོག་པར། ཁོ་ཚོས་གྲུབ་པའི་གདང་ལའི་དྲི་བཞོན་སྒྱུ་རྩལ་ཚོགས་པ་དེ་ཁྲེང་ཏུའུ་ཡི་གར་སྟེགས་སུ་བུད་དེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་དུ་གྱུར་བའི་སྒྲ་སྙན་རྡུང་ལེན་དང་། ཞབས་བྲོ་གང་དགར་འཁྲབ་སྟོན་བྱས་པ་རེད།
གདང་ལའི་དྲི་བཞོན་སྒྱུ་རྩལ་ཚོགས་པ་ནི1999ལོར་དབུ་བརྙེས་ཤིང་། སྒྱུ་རྩལ་ཚོགས་པ་བཙུགས་མ་ཐག་ཁོངས་མི་རྣམས་ཀྱིས་སྲོལ་རྒྱུན་གྱི་བོད་ཀྱི་གླུ་གར་ལ་ལེགས་བཅོས་གང་ནུས་མཛད་པ་དང་། དེང་རབས་ཀྱི་ལམ་ནས་དབྱངས་རྩོམ་པའི་བོད་རིགས་དམངས་གླུ་དག་བོད་ཁུལ་དང་ནང་ལོགས་བཅས་སུ་ཁྱབ་པ་རེད། 2002ལོར་སྒྱུ་རྩལ་ཚོགས་པའི་ཁོངས་མིས་སྒྲིག་འཁྲབ་བྱས་པའི《གདང་ལའི་དྲག་རླུང་》ཞེས་པ་ནི་ད་བར་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་བོད་ཀྱི་དམངས་གླུའིCDཡིན། ཁོ་ཚོ་དུས་རྟག་ཏུ་བོད་ཁུལ་གྱི་གངས་གནོད་བྱུང་ཁུལ་དང་། ཡུལ་ཤུལ་གྱི་ས་ཡོམ་སོགས་གནོད་སྐྱོན་བྱུང་ཁུལ་དུ་བསྐྱོད་དེ་རྒུད་སྐྱོབ་འཁྲབ་སྟོན་བྱས་པ་རེད།