མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས2011ལོའི་ཀྲུང་གོའི་བོད་གཞས་འགྲན་བསྡུར་སྟེང་ཨང་དང་པོ་བླངས་པ།
2011ལོའི་ཀྲུང་གོའི་བོད་གཞས་འགྲན་བསྡུར་གར་སྟེགས་སྟེང་གི་མ་སྐྱེས་ཨ་མའི་གཞས་ཚོགས།
ཟླ9བའི་ཚེས25ཉིན་གྱི་དགུང་མོ། 2011ལོའི་ཀྲུང་གོའི་བོད་གཞས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་དེ་སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིS1བརྒྱུད་གཏོང་ཁང་དུ་ཚོགས་པ་དང་། ཧ་ཅང་ཛ་དྲག་གི་འགྲན་བསྡུར་གོ་རིམ་བརྒྱུད་དེ་མཐའ་མར་པེ་ཅིང་འགྲན་ཁུལ་ནས་ཡོང་བའི་མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས་ཨང་དང་པོའི་རྒྱལ་ཁ་བླངས་ཤིང་། དེའི་འཕྲོར་ཨ་དུང་དང་བསྟན་ཆོས་ཨ་བདེ་གཉིས་ཀྱིས་སོ་སོར་ཨང་གཉིས་པ་དང་གསུམ་པ་བླངས་པ་རེད།
རྒྱ་ཆེ་བའི་བོད་གཞས་དགའ་མོས་ཅན་རྣམས་ཀྱིས་བཤད་རྒྱུར། མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས་རྒྱལ་ཁ་བླངས་བ་ནི་མིང་དོན་དང་མཚུངས་བ་ཞིག་ཡིན་ཞིང་ཆེས་བློ་ཁ་དང་མཐུན་པའི་མཇུག་འབྲས་ཤིག་ཡིན། འདི་ལས་མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས་དུས་ཡུན་ལོ་འགར་སྦྱོང་བརྡར་གང་མང་བྱས་པའི་གྲུབ་འབྲས་ཤིག་ཏུའང་མཐོང་བ་རེད།
མ་སྐྱེས་ཨ་མའི་གཞས་ཚོགས།