logo

མཚོ་ལྷོ་ཁུལ་དུ་བོད་ཀྱི་རིག་གནས་གསར་འདོན་ཐོན་ལས་གླིང་ག་ལེགས་འགྲུབ་འབྱུང་བའི་གླུ་གཞས་ཆེད་ཚོགས་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-17 ཀློག་གྲངས།:


མདོ་འཛིན་པ་ཡོངས། 


མཚོ་ལྷོ་ཁུལ་དྲིལ་བསྒྲགས་པུའུ་ཡི་འགོ་གཙོའམ་ཁུལ་དཔོན་གཞོན་པ་ཏུང་ཅེ་རིན་གྱིས་གཏམ་བཤད་གནང་བཞིན་པ། 


སྐུ་མགྲོན་དང་མང་ཚོགས་ཀྱི་ཟུར་ཞིག

             ཟླ8ཚེས16ཉིན་གྱི་སྔ་དྲོ།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་མཚོ་སྔོན་པོ་ཐང་ཆེན་དུ་གསེར་ཆེན་རྫོང་གི་བོད་ཀྱི་རིག་གནས་གསར་འདོན་ཐོན་ལས་གླིང་ག་ལེགས་འགྲུབ་འབྱུང་བའི་རྟེན་འབྲེལ་གྱི་གླུ་གཞས་ཆེད་ཚོགས་རྒྱ་ཆེན་པོ་ཞིག་བསྡུས་པ་རེད། 


གྱོན་ཆས་འཁྲབ་སྟོན་བྱེད་པ།


རྡུང་ལེན་པ་དཔལ་མགོན་གྱིས《ཤྭ་ཡུ་མོ་ཤེད》ལེན་བཞིན་པ།


ཡར་དུང་གིས《རེ་ལྟོས་ཀྱི་གླག་རྒོད》དང《སྒྲོལ་མ》ལེན་བཞིན་པ།

            ཐེངས་འདིའི་གླུ་གཞས་ཆེད་ཚོགས་སྟེང་བོད་ཀྱི་མིང་གྲགས་གླུ་བ་ཡར་དུང་དང་ཀུན་དགའ།   རྡུང་ལེན་པ་གྲགས་ཅན་དཔལ་མགོན།   གླུ་བ་བཀྲ་ཤིས་ཉི་མ།   གླུ་མ་དབྱངས་ཅན་ལྷ་མཛེས་དང་།  མདོ་བ་ཚེ་སྐྱིད།   དེ་མིན་རྒྱལ་ཁབ་ཕྱི་ནང་གི་གླུ་བ་གླུ་མ་མང་པོ་ཐེངས་འདིའི་ཆེད་ཚོགས་ལ་གདན་འདྲེན་ཞུས་ཡོད་ཅིང་།   གསེར་ཆེན་རྫོང་གི་མཚོ་སྔོན་པོ་ཐང་ཆེན་དུ་མི་ཚོགས་ཀྱིས་ལྟེམས་ཤིང་སྤྲོ་སྐྱིད་ཀྱི་སྣང་བས་ཁེངས་ནས་འདུག


གླུ་བ་ཀུན་དགས་མཚོ་ལྷོ་ལ་ཆེད་དུ་སྒྲིག་པའི་གཞས་ཤིག་དང《བུ་མོ་ཚེ་རིང་མཚོ་མོ》བླངས་བ།   

 
གླུ་མ་དབྱངས་ཅན་ལྷ་མཛེས་ཀྱིས《ཁྱེད་དང་འཕྲད་པ་ང་ཡི་ལས་འབྲས་ཡིན》དང《རྟེན་འབྲེལ》ལེན་བཞིན་པ།


ཨ་ཅག་ཚན་སྡེབ་ཀྱིས《ཟླ་ངོགས་སུ་སྐྱོད་པ》དང《བོད་པའི་བུ་མོ》ལེན་བཞིན་པ།

             ཡར་དུང་གིས་བླངས་བའི《རེ་ལྟོས་ཀྱི་གླག་རྒོད》དང《སྒྲོལ་མ》། རྡུང་ལེན་པ་དཔལ་མགོན་གྱི《ཤྭ་ཡུ་མོ་ཤེད》།  གླུ་བ་བཀྲ་ཤིས་ཉི་མའི《སེམས་ནས་བརྩེ་བའི་བུ་མོ》།  གླུ་བ་ཀུན་དགས་མཚོ་ལྷོ་ལ་ཆེད་དུ་སྒྲིག་པའི་གཞས་ཤིག་དང《བུ་མོ་ཚེ་རིང་མཚོ་མོ》།        གླུ་མ་དབྱངས་ཅན་ལྷ་མཛེས་ཀྱི《ཁྱེད་དང་འཕྲད་པ་ང་ཡི་ལས་འབྲས་ཡིན》དང《རྟེན་འབྲེལ》། ཨ་ཅག་ཚན་སྡེབ་ཀྱི《ཟླ་ངོགས་སུ་སྐྱོད་པ》དང《བོད་པའི་བུ་མོ》། གླུ་མ་མདོ་བ་ཚེ་སྐྱིད་ཀྱི《དམངས་གླུ་གསར་བ》སོགས་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། 


གླུ་མ་མདོ་བ་ཚེ་སྐྱིད་ཀྱིས《དམངས་གླུ་གསར་བ》ལེན་བཞིན་པ།


གླུ་བ་བཀྲ་ཤིས་ཉི་མས《སེམས་ནས་བརྩེ་བའི་བུ་མོ》ལེན་བཞིན་པ།

             འདི་ནི་ཐོག་དང་པོར་བོད་ཀྱི་མིང་གྲགས་གླུ་བ་གླུ་མ་ཚོ་མཚོ་ལྷོ་ས་ཁུལ་ལ་སླེབས་ཏེ་གཞས་བཏང་བ་ཡིན་ཞིང་།  དུས་ཡུན་གང་མང་རིང་ལ་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱས་ཀྱང་རེ་འདོད་སྐོང་ཐབས་བྲལ་བ་འདི་དེ་རིང་བསམ་ཡུལ་ལས་འདས་པར་ཡུལ་དངོས་སུ་མཐོང་ཐུབ་པ་བྱུང་བ་རེད། ཡིན་ཡང་བྱ་འགུལ་སྤེལ་པར་གྲ་སྒྲིག་གི་དུས་ཚོད་ཐུང་བའམ་ཁྱབ་བསྒྲགས་ཀྱི་ཤུགས་མི་དྲག་བ་གང་རུང་གི་དབང་གིས།  གྲོང་རྡལ་དང་སྡེ་བའི་མི་རྣམས་ཀྱིས་ཐེངས་འདིར་བོད་ཀྱི་མིང་གྲགས་གླུ་བ་གླུ་མ་འདི་ཚོ་མཚོ་ལྷོ་ལ་སླེབས་ཀྱིན་པ་མ་ཚོར་བས་ཁོང་ཚོ་ལ་མཚོན་ན་ཆེས་ལེགས་པའི་གོ་སྐབས་ཤིག་བག་ཕྲ་བ་དང་ཡལ་མེད་དུ་གྱུར་བ་རེད།


ཆེད་ཚོགས་མཇུག་རྫོགས་པ།


གསེར་ཆེན་རྫོང་གི་བོད་ཀྱི་རིག་གནས་གསར་འདོན་ཐོན་ལས་གླིང་གའི་རྣམ་པ། 

             རྒྱུས་ལོན་བྱས་པ་ལྟར་ན།   གསེར་ཆེན་རྫོང་གི་བོད་ཀྱི་རིག་གནས་གསར་འདོན་ཐོན་ལས་གླིང་ག་ནི2012ལོའི་ཟླ12ནང་ལེགས་འགྲུབ་འབྱུང་ཞིང་བཀོད་སྤྱོད་བྱེད་རྒྱུ་ཡིན་པ་དང་། ཐོན་ལས་གླིང་ག་འདི་ནི་མཚོ་ལྷོ་ཁུལ་གྱི་ཐོག་དང་པོའི་ཡུལ་སྐོར་ལྗོངས་རྒྱུ་དང་།  སྤྲོ་སྐྱིད། ངལ་གསོ་བསྟི་གནས།  ཉོ་ཚོང་བྱེད་ས་སོགས་སྣ་འཛོམས་ལྡན་པའི་ཚོང་ལས་རང་བཞིན་གྱི་ཆ་དོད་པོའི་གནས་ཤིག་རེད།   འཛུགས་སྐྲུན་ཆ་ཡོངས་སུ་ཨ་མདོའི་ཁྱད་ཆོས་དང་རྣམ་པ་མཚོན་པར་བྱེད་ཅིང།  ས་གནས་ཀྱི་ཁྱད་ཆོས་དང་།  མི་རིགས་ཀྱི་ཁྱད་ཆོས།  དུས་རབས་ཀྱི་ཁྱད་ཆོས་འབུར་དུ་བཏོད་ཡོད། འཛུགས་སྐྲུན་འདི་ལེགས་འགྲུབ་བྱུང་བར།  རྒྱ་ཆེ་བའི་གྲོང་ཁྱེར་མི་དམངས་དང་ཚོང་གཉེར་ཡུལ་སྐོར་མགྲོན་པོ་རྣམས་ལ་ཡུལ་སྐོར་དང་ཚོང་གཉེར།  ངལ་གསོ་སྤྲོ་སྐྱིད་གཏོང་བར་ཁོར་ཡུག་ཡག་པོ་ཞིག་སྐྲུན་ཞིང་།  གསེར་ཆེན་རྫོང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ངེས་པ་རེད། 


འབྲེལ་ཡོད་འོས་སྦྱོར།