logo

གཞས་མ་དབྱངས་ཅན་ལྷ་མོ་དང་པ་ཧྥེ་ཐོའུ་གཉིས་ཀྱིས་གླུ་གཞས་དགོང་ཚོགས་འཚོགས་རྒྱུ་རེད།

རྩོམ་པ་པོ།:སྒྲོལ་མ། ཡོང་ཁུངས།:ཞིན་ལང་དྲ་བ།    དུས་ཚོད།:2011-05-06 ཀློག་གྲངས།:


གཞས་མ་དབྱངས་ཅན་ལྷ་མོ།

           བོད་ཀྱི་གཞས་མ་དབྱངས་ཅན་ལྷ་མོ་ནི་ཀྲུང་གོའི་གཞས་པའི་ནང་ཀོའུ་ལའེ་མེའི་བྱ་དགའ་ཐོབ་མཁན་ཐོག་མ་ཡིན་ལ། ཁོང་མོ་དང་ཚི་ཨའེ་མེའི་བྱ་དགའ་ཐེངས་གཉིས་ལ་ཐོབ་མཁན་པའོ་ཏི་པ་ཧྥེ་ཐོའུ་སོགས་རོལ་མོ་བ་འགས་ཟླ5པའི་ཚེས12ཉིན་པེ་ཅིང་ཀྲུང་ཧྲན་རོལ་མོའི་ཚོགས་ཁང་དུ་འཛམ་གླིང་ཞི་བདེ་ཡོང་བར་སྨོན་འདུན་ཞུ་ཞེས་པའི་གླུ་གཞས་དགོང་ཚོགས་ཤིག་འཚོགས་རྒྱུ་ཡིན་ཞིང་། དགོང་ཚོགས་དེས་ཤར་ཕྱོགས་དང་ནུབ་ཕྱོགས་གཉིས་ཀྱི་རིག་གནས་འཆམ་མཐུན་ཡིན་པ་མཚོན་རྒྱུ་དང་། འཛམ་གླིང་ཞི་བདེ་ཡོང་བར་སྨོན་འདུན་ཞུ་རྒྱུ་རེད།


ཀོའུ་ལའེ་མེའི་བྱ་དགའ་ཐོབ་མཁན་གཞས་མ་དབྱངས་ཅན་ལྷ་མོ།

           ཐེངས་འདིའི་གླུ་གཞས་དགོང་ཚོགས་ཀྱི་བརྗོད་བྱ་ནི་འཛམ་གླིང་ཁྱིམ་གཞིས་གཅིག་དང་། རྒྱལ་སྤྱིའི་ཞི་བདེ་ཞེས་པ་དེ་ཡིན་ལ། དགོང་ཚོགས་སྟེང་རོལ་མོའི་ཟློས་གར་དང་གྱེར་བཤད་བྲོ་ཚོགས་གཉིས་འཛོམས་ཀྱི་གསར་བསྟོད་རང་བཞིན་ལྡན་པའི་སྒྱུ་རྩལ་རྣམ་པ་དང་། རོལ་མོ་དང་བྲོ་གར་ཟུང་དུ་འབྲེལ་ཞིང་མི་སེམས་སྒུལ་བའི་རིག་རྩལ་ཕུན་སུམ་ཚོགས་པ་ཞིག་རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་མིག་གི་དགའ་སྟོན་དང་རྣ་བའི་བདུད་རྩི་རུ་འབུལ་རྒྱུ་རེད།


པ་ཧྥེ་ཐོའུ།

           ཐེངས་འདིའི་གླུ་གཞས་དགོང་ཚོགས་ནི་ལུའོ་ཁོ་ཧྥེ་ལེ་ཁྱིམ་རྒྱུད་ཀྱིས་འཛམ་གླིང་ཁྱིམ་རྒྱུད་སྤྱི་ཕན་མཐུན་ཚོགས་ཞེས་པའི་ཀྲུང་གོའི་ཞི་བདེའི་འགྲུལ་བཞུད་འགོ་རྩོམ་པའི་སྔོན་འགྲོ་ལྟ་བུ་ཡིན་ལ། དབྱངས་ཅན་ལྷ་མོ་དང་པ་ཧྥེ་ཐོའུ་སོགས་འཛམ་གླིང་རིམ་པའི་རོལ་མོ་བ་འགས་མཉམ་དུ་ཐེངས་འདིའི་ཞི་བདེ་དང་སྙིང་རྗེའི་གླུ་གཞས་དགོང་ཚོགས་སྒྲུབ་པ་ཡིན་པ་དང་།   དགོང་ཚོགས་འདིས་རོལ་མོའི་ཟློས་གར་དང་གྱེར་བཤད་བྲོ་ཚོགས་གཉིས་འཛོམས་ཀྱི་རོལ་མོའི་རྣམ་པ་གསར་བ་ཞིག་གསར་དུ་གཏོད་རྒྱུ་ཡིན་པ་མ་ཟད། ད་དུང་ནུབ་ཕྱོགས་དང་ཤར་ཕྱོགས་གཉིས་ཀྱི་རིག་གནས་སྤེལ་རེས་དང་གླུ་གཞས་སྒྱུ་རྩལ་རྒྱལ་མཚམས་མེད་པར་མཉམ་དུ་གོང་དུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།