logo

གླུ་གར་ཆེ་གྲས《ཡུལ་ཤུལ་གྱིས་བརྗེད་མི་སྲིད》ཅེས་པ་པེ་ཅིང་ནས་ཐོག་མར་འཁྲབ་སྟོན་བྱས་པ།

རྩོམ་པ་པོ།: ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-04-08 ཀློག་གྲངས།:


ཡུལ་ཤུལ་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་རྣམས།

            མཚོ་སྔོན་ཡུལ་ཤུལ་དུ“4·14”ས་ཡོམ་བྱུང་ནས་ལོ་གཅིག་འཁོར་བའི་དྲན་རྟེན་གྱི་ གླུ་གར་ཆེ་གྲས《ཡུལ་ཤུལ་གྱིས་བརྗེད་མི་སྲིད》ཅེས་པ་དེ་ཟླ4བའི་ཚེས14ཉིན་པེ་ཅིང་གི་གནམ་ཟམ་ཟློས་གར་ཁང་ནས་ཐོག་མར་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། སྐབས་དེར་ཡུལ་ཤུལ་ཁུལ་མི་རིགས་གླུ་གར་ཚོགས་པ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞབས་བྲོ་སློབ་གླིང་བཅས་ནས་ཡོང་བའི་འཁྲབ་སྟོན་པ་མི120ཡིས་དེང་རབས་གླུ་གར་གྱི་ལམ་ནས་ཡུལ་ཤུལ་མི་དམངས་ཀྱི་དཔའ་ངར་ཞུམ་མེད་དང་བཀའ་དྲིན་རྗེས་སུ་དྲན་པའི་སྙིང་ཁོང་གི་བརྩེ་བ་དེ་གར་སྟེགས་སུ་མི་རྣམས་ཀྱི་མིག་གི་དགའ་སྟོན་དུ་འབུལ་རྒྱུ་རེད།


བོད་རིགས་གླུ་མ་དབྱངས་ཅན་ལྷ་མཛེས། 《ཡུལ་ཤུལ་གྱིས་བརྗེད་མི་སྲིད》ཅེས་པའི་གླུ་གར་གྱི་
སྤྱི་ཁྱབ་འགན་འཁུར་བ་ངག་དགའ། གླུ་གར་འཁྲབ་སྟོན་གྱི་སྤྱི་ཁྱབ་སྒྲིག་སྦྱོར་བ་
རིན་ཆེན་དགྲ་འདུལ་བཅས་ཕབ་ལེན་ཕབ་སྐྲུན་བྱེད་སར་ཡོད་པ།

            ཤེས་གསལ་ལྟར་ན། གླུ་གར་འཁྲབ་སྟོན་དེ་ནི་ཡུལ་ཤུལ་ཁུལ་ཨུ་དང་། ཁུལ་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཡུལ་ཤུལ་ཁུལ་མི་རིགས་གླུ་གར་ཚོགས་པས་འཁྲབ་སྟོན་གཙོ་བོ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞབས་བྲོ་སློབ་གླིང་གིས་རམ་འདེགས་ཀྱི་ཚུལ་དུ་འཁྲབ་སྟོན་བྱས་པ་རེད། ཟླ4བའི་ཚེས14ཉིན་ནས་ཚེས18ཉིན་བར་པེ་ཅིང་ནས་ཐོག་མར་འཁྲབ་སྟོན་བྱས་རྗེས་རྒྱལ་ཡོངས་སུ་བསྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུ་རེད། 


འབྲེལ་ཡོད་འོས་སྦྱོར།