logo

བོད་རིགས་གླུ་གར《བོད་ལྡེའུ》ཞེས་པ་འཇར་པན་དུ་འཁྲབ་སྟོན་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-07 ཀློག་གྲངས།:


ཟླ4བའི་ཚེས6ཉིན་འཇར་པན་ཏུན་ཅིན་སིག་ཀུའུ་ས་ཁུལ་གྱི་རིག་གནས་སྡེ་བའི་ཟློས་གར་ཁང་དུ་
ཡངས་ལེའེ་ཕིན་གྱིས་འཁྲབ་སྟོན་མཇུག་སྒྲིལ་རྗེས་ལྟད་མོ་བར་གུས་འདུད་ཞུ་བཞིན་པ།


ཟླ4ཚེས6ཉིན།   འཇར་པན་ཏུན་ཅིན་སིག་ཀུའུ་ས་ཁུལ་གྱི་རིག་གནས་སྡེ་བའི་ཟློས་གར་ཁང་དུ་
ཀྲུང་གོའི་འཇར་སྡོད་གཞུང་ཚབ་ཆེན་མོ་ཁྲིན་ཡུན་ཧྭ་ཡིས་བོད་རིགས་གླུ་གར
《བོད་ལྡེའུ》འཁྲབ་སྟོན་བྱས་རྗེས་གཏམ་བཤད་གནང་བ།


ཟླ4ཚེས6ཉིན།  འཇར་པན་ཏུན་ཅིན་སིག་ཀུའུ་ས་ཁུལ་གྱི་རིག་གནས་སྡེ་བའི་ཟློས་གར་ཁང་དུ་
བོད་རིགས་གླུ་གར《བོད་ལྡེའུ》འཁྲབ་སྟོན་མཇུག་སྒྲིལ་རྗེས།ཡངས་ལེའེ་ཕིན་གྱིས་
འཁྲབ་སྟོན་པ་ལྷན་རྒྱས་ཀྱི་འགོ་ཁྲིད་དེ་བཀྲ་ཤིས་བདེ་ལེགས་ཞུས་པ། 

           ཟླ4ཚེས6ཉིན། བོད་རིགས་གླུ་བ་གཡང་དྲུང་རྒྱལ་གྱིས་བཟོ་བཀོད་བྱས་ཤིང་མིང་དུ་གྲགས་པའི་གར་མ་ཡངས་ལེའེ་ཕིན་གྱིས་སྤྱིའི་སྒྲིག་ཁྲིད་པའི་འགན་འཁུར་བའི་བོད་རིགས་གླུ་གར《བོད་ལྡེའུ》ཞེས་པ་འཇར་པན་ཏུན་ཅིན་དུ་འཁྲབ་སྟོན་ལེགས་འགྲུབ་བྱུང་ཞིང་།    ཀྲུང་གོའི་འཇར་སྡོད་གཞུང་ཚབ་ཆེན་མོ་ཁྲིན་ཡུན་ཧྭ་ཡུལ་དངོས་ལ་ཡོང་སྟེ་རྟེན་འབྲེལ་ཞུས་པ་རེད།  གླུ་བ་གཡང་དྲུང་རྒྱལ་གྱིས་འཁྲབ་སྟོན་པ་ཡོངས་ཀྱི་ཚབ་བྱས་ཏེ་ཁོ་ཚོའི་འཁྲབ་སྟོན་གྱི་ཡོངས་འབབ་སྐོར་ཞིག་དང“ང་ཚོ་ནམ་ཡང་ཁྱེད་རྣམས་དང་ལྷན་དུ་གནས”ཞེས་པའི་བྲིས་རྩལ་བརྩམས་ཆོས་གནོད་ཐེབས་ས་ཁུལ་ལ་ཕུལ་བ་རེད། 


འབྲེལ་ཡོད་འོས་སྦྱོར།