logo

ཨ་ཅག་ཚན་སྡེབ་ཀྱིསappleགསར་གཏོད་བྱེད་མཁན་གྱིSteve Jobsལ་དགའ་གུས་ཞུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-16 ཀློག་གྲངས།:


ཨ་ཅག་ཚན་སྡེབ་ཀྱིས《ཟླ་ངོགས་སུ་སྐྱོད་པ》ཞེས་པའི་གླུ་གཞས་ལསapple
གསར་གཏོད་བྱེད་མཁན་གྱིSteve Jobsལ་དགའ་གུས་ཞུས་པ།

            ཉེ་ལམ།  ཨ་ཅག་ཚན་སྡེབ་ཀྱིས་རང་གི་ཟིན་བྲིས་བརྒྱུད་དེappleགསར་གཏོད་བྱེད་མཁན་གྱིSteve Jobsལ་དགའ་གུས་ཞུས་པ་དང་། ཁོ་མོ་ཚོའི་ཟིན་བྲིས་སུappleགསར་གཏོད་བྱེད་མཁན་གྱིSteve Jobsལ“ཀུ་ཤུ་ཨ་ཕ”ཞེས་མིང་གསོལ་ཞིང་།  ཁོ་བོ་ལ་ལྷག་བསམ་གྱི་ཁ་གཡང་དྲོན་མོ་དང་ལུས་ཁམས་བདེ་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།   ཨ་ཅག་ཚན་སྡེབ་ཀྱིསipad2མགྱོགས་མྱུར་ངང་ཀྲུང་གོའི་ཚོང་རར་ཐོན་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅིང་། Steve Jobsལགས་ཀྱིས་སྙིང་རྗེའི་ལས་གཞི་མཚམས་བཞག་ཡོད་པ་དེ་སླར་གསོ་བྱེད་ཐུབ་བྱུང་ཚེ།  Appleཡང་ཐུན་མོང་མ་ཡིན་པར་འགྱུར་འགྲོ་ངེས་སྙམ་གྱི་འདུག 


སྐུ་ཞབསSteve Jobsལགས། 

            ཁོ་མོ་ཚོAppleཐོན་རྫས་བེད་སྤྱད་དེ་རང་ཉིད་ཀྱི་གླུ་གཞས་ལ་རོལ་མྱོང་བྱེད་པར་སྤྲོ་བས་བརྟས་ཤིང་།  མུ་མཐུད་དུ་མང་ཚོགས་ལ་དགའ་བ་དང་སྤྲོ་བ་སྟེར་ཆེད་གླུ་གཞས་གསར་བ་སྤེལ་བར་བརྩོན་ལེན་ཆེན་པོ་བྱེད་རྒྱུ་ཡིན་པར་བསྟན།
ཉེ་ཆར།  ཨ་ཅག་ཚན་སྡེབ་ཀྱི《ཟླ་ངོགས་སུ་སྐྱོད་པ》ཞེས་པའིMVབརྙན་རིས་ལ་མང་ཚོགས་ཀྱི་དགའ་བསུ་མི་དམན་པ་ཐོབ་ཅིང་།  རྣམ་པ་གསར་བའི་གླུ་གཞས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་གཏམས་ཡོད།    
            ཁོ་མོ་ཚོས《ཟླ་ངོགས་སུ་སྐྱོད་པ》ཞེས་པའི་གླུ་གཞས་འདི་བརྒྱུད་དེ་རང་རེའི་འཇིག་རྟེན་ཁམས་ཀྱི་ཁྱིམ་གཞིས་དྲོན་མོ་འདི་དྲི་མས་མ་གོས་པར་སྲུང་སྐྱོང་ལེགས་པོ་བྱེད་རྒྱུར་སྨོན་འདུན་ཞུས་པ་རེད། 


འབྲེལ་ཡོད་འོས་སྦྱོར།