བོད་རིགས་གླུ་མ་ཨ་ལན་ཟླ་བ་སྒྲོལ་མས་ཆེད་བསྒྲིགས་གླུ་གཞས་གསར་བ་འགྲེམ་སྤེལ་བྱས་པ།

གླུ་མ་ཨ་ལན་ཟླ་བ་སྒྲོལ་མ།  
རྒྱུས་ལོན་བྱས་པ་ལྟར་ན། བོད་རིགས་གླུ་མ་ཨ་ལན་ཟླ་བ་སྒྲོལ་མས་འཇར་པན་དུ་ལོ་གསུམ་ལ་སློབ་སྦྱོང་བྱས་ཏེ་གང་ནུས་ཅི་ཐུབ་ཀྱིས་རང་ཉིད་འཕེལ་རྒྱས་བཏང་ཐོག AVEXཀུན་ཟི་གང་མང་ཞིག་གིས་ཁོ་མོར་རྒྱབ་སྐྱོར་གནང་བ་རེད།

གླུ་མ་ཨ་ལན་ཟླ་བ་སྒྲོལ་མ།  
            འཇར་པན་ས་གནས་ཀྱིས་གསར་འགོད་བྱས་པ་ལྟར་ན།  ཟླ3པའི་ཚེས6ཉིན།  བོད་རིགས་གླུ་མ་ཨ་ལན་ཟླ་བ་སྒྲོལ་མས་ཆེད་བསྒྲིགས་གླུ་གཞས་འགྲེམ་སྤེལ་བྱས་པ་རེད།  འགྲེམ་སྤེལ་གྱི་མཛད་སྒོའི་ཁྲོད།  ཨ་ལན་ཟླ་བ་སྒྲོལ་མས་ཡུལ་དངོས་ནས《རྒྱང་རིང་ཆུ་བོ》ཞེས་པའི་གླུ་གཞས་ཞིག་བླངས་ཤིང་།  མང་ཚོགས་ཀྱིས“ཨ་ལན་གྱི་གླུ་དབྱངས་སྙན།  ཨ་ལན་ནི་ཆེས་མཛེས་སྡུག་ལྡན་པ་རེད”ཞེས་མངགས་བརྗོད་དང་བཅས་དགའ་བསུ་མི་དམན་པ་ཐོབ་པ་རེད།  
            སྤྱིར་ན་མཛད་སྒོའི་ཁྲོད་གླུ་གཞས་གསར་བ4མ་གཏོགས་གཏོང་རྩིས་མེད་ནའང་།  སྟབས་མ་ལེགས་པར་གླུ་གཞས་གསར་བ་གཞན་ཞིག་ཀྱང་བཏང་བས།  ཡུལ་དངོས་ཀྱི་མི་རྣམས་ལ་བསམ་ཡུལ་ལས་འདས་པའི་དགའ་སྤྲོ་ཞིག་གནང་བ་རེད།  
            
                
            