logo

༄༅ །། མི་འགྱུར་སེམས་ཀྱི་འབོད་པ།---ལེན་མཁན།སྙིང་དཀར།

རྩོམ་པ་པོ།:ལྡོང་བླ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-09-04 ཀློག་གྲངས།:


གླུ་ཚིག
སྟོད་རྒྱ་གར་བྱང་ཆུབ་ཤིང་དྲུང་ནས།

མགོན་རྒྱལ་བ་ཤཱཀྱ་ཐུབ་པ་འཁྲུངས།

ཆོས་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས།

བསྟན་ཡུན་རིང་མི་ཉམས་སྐྱིད་ཅིག་ཡོད།

གནས་པོ་ཏ་ལ་ཡི་ཕོ་བྲང་ནས།

ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་བཞུགས།

ཆོས་མ་ཎི་ཡི་གེ་དྲུག་མ་གསུངས།

ཤི་དམྱལ་བ་མི་ལྷུང་སྐྱིད་ཅིག་ཡོད།

ཤར་ཙོང་ཁའི་སྐྱེས་རི་མཐོན་པོ་ནས།

རྗེ་རྒྱལ་བ་བློ་བཟང་གྲགས་པ་འཁྲུངས།

ལམ་བྱང་ཆུབ་རིམ་ཁའི་ཆོས་ཤིག་གསུངས།

ལས་རྒྱུ་འབྲས་མི་ནོར་སྐྱིད་ཅིག་ཡོད།

སྨད་ཨ་མདོ་བཀྲ་ཤིས་སྒོ་མང་ན།

སྐྱབས་ཀུན་མཁྱེན་འཇམ་དབྱངས་བཞད་པ་བཞུགས།

གཞུང་བཀའ་པོད་རྣམ་ལྔའི་རང་སྒྲ་སྒྲོག

ཆོས་འཆད་ཉན་དར་བའི་སྐྱིད་ཅིག་ཡོད།


འབྲེལ་ཡོད་འོས་སྦྱོར།