logo

མདོ་དབུས་ཁམས་གསུམ་གཅིག་ལ་འཛོམས། མཛའ་གཞས་སྙན་མོ་ཁྲོམ་ལ་ལེན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཉིན་རེའི་གངས་ལྗོངས། དུས་ཚོད།:2019-08-19 ཀློག་གྲངས།:

མགོ་རྩོམ་མཛད་སྒོའི་སྟེང་གི་གླུ་བ་གླུ་མ།

ཚེ་རིང་འཛོམས་སྐྱིད།


བཀྲ་ཤིས་ཉི་མ།


ཚེ་རིང་གཡང་འཛོམས།


དབྱངས་ཅན་ལྷ་མཛེས།


རིག་འཛིན་སྒྲོལ་མ།


རྡོ་བ་ཚེ་སྐྱིད།


བསམ་འགྲུབ་ཚེ་རིང་།


སངས་བྷེ་བདེ་སྐྱིད།

     ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་རླབས་ཆེན་མེས་རྒྱལ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། སྣ་མང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྲུང་སྐྱོང་བྱས་ཏེ།  དམངས་ཁྲོད་ཀྱི་རོལ་དབྱངས་སྒྱུ་རྩལ་དར་སྤེལ་དུ་གཏོང་བ་དང་། གུང་ཧོ་རྫོང་གི་ཀྲུང་གོའི་བོད་རིགས་མཛའ་གཞས་ཀྱི་ཕ་ས་ཞེས་པའི་མཚན་སྙན་རྒྱ་ཆེར་གཏོང་ཆེད། 2019ལོའི་ཟླ8པའི་ཚེས20ནས་ཟླ8པའི་ཚེས21ཉིན་བར་མཚོ་ལྷོ་ཁུལ་ལུས་རྩལ་ཐང་དུ་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ངག་ལ་གྱེར་ནས། རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་ཡིད་ལ་བཅངས་ཞེས་པའི2019ལོའི་ཀྲུང་གོའི་མི་རིགས་གྲངས་ཉུང་བའི་མཛའ་གཞས་བོད་སྐད་སྲོལ་རྒྱུན་ལེན་སྟངས་འགྲེམ་སྟོན་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིའི་བྱ་འགུལ་སྟེང་རྒྱལ་ཡོངས་ལྗོངས་ཞིང་ལྔའི(བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན)གླུ་བ་གླུ་མ་དག་གདན་འདྲེན་བྱས་ཡོད་ལ།  ཡུལ་སྐད་ཆེན་པོ་གསུམ་ཚན་ཁག་རེ་རེ་བགར་ནས་འགྲན་སྡུར་བྱ་རྒྱུ་ཡིན།

མཇུག་བསྡུ་མཛད་སྒོའི་སྟེང་གི་གླུ་བ་གླུ་མ།


རྟ་མགྲིན་སྐྱིད།


གཡང་མོ་སྒྲོལ་མ།


ཆོས་མོ་འཚོ།


འཆི་མེད་དབང་མོ།


སྟག་ལྷ་འབུམ།


བཀྲ་ཤིས་རྒྱལ།

     འགྲན་སྡུར་གྱི་གོ་རིམ་ཆ་ཚང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ་དང་གངས་ལྗོངས་མེ་ལོངAPPབརྒྱུད་ནས་ཐད་གཏོང་བྱ་རྒྱུ་ཡིན་པས། རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱིས་དུས་ལྟར་གཟིགས་དང་། ནང་དོན་ཕུན་སུམ་ཚོགས་པའི་བོད་ཀྱི་གདོད་མའི་ལེན་སྟངས་འདིས་རྣམ་པ་ཚོའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་ངེས་ཡིན།

ས་ཁུལ་གཞན་ནས་ཕེབས་པའི་གླུ་བ་གླུ་མ།


ཡུན་ནན་རུ་ཁག


བོད་ལྗོངས་རུ་ཁག


བོད་ལྗོངས་རུ་ཁག


བོད་ལྗོངས་རུ་ཁག


འབྲེལ་ཡོད་འོས་སྦྱོར།