logo

རྐང་ཚ་རྫོང་གི་རྡུང་ལེན་འགྲན་སྡུར་སྐབས་ལྔ་བ་དང་ལ་གཞས་རྡུང་ལེན་འགྲན་སྡུར་སྐབས་གསུམ་པ་བསྡུས།

རྩོམ་པ་པོ།:ཚེ་དབང་རིག་འཛིན། ཚེ་བརྟན་བཟང་བ ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-04-11 ཀློག་གྲངས།:


དཔྱད་འདེམས་པ་བཀྲ་ཤིས་ཚེ་རིང་།


དཔྱད་འདེམས་པ་ཚེ་རིང་བསམ་གྲུབ།


དཔྱད་འདེམས་པ་ཀུན་དགའ་རྡོ་རྗེ།


རྡུང་ལེན་པ་བསམ་གཏན་རྒྱ་མཚོ།


རྡུང་ལེན་པ་དོན་གྲུབ་ཚེ་རིང་།


རྡུང་ལེན་པ་ཞི་མོ་ཐར།

     སྤྱི་ཟླ4བའི་ཚེས8ནས་ཚེས9བར། མཚོ་ངོགས་བོད་མཁར་གྱི་འཁྲབ་སྟོན་ལྟེ་གནས་སུ་རྐང་ཚ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུའུ་ཡིས་གཙོ་སྒྲུབ་དང་རྫོང་རིག་གནས་ཁང་གིས་འགན་སྒྲུབ་བྱས་པའི་རྡུང་ལེན་འགྲན་སྡུར་སྐབས་ལྔ་བ་དང་ལ་གཞས་རྡུང་ལེན་འགྲན་སྡུར་སྐབས་གསུམ་པ་གཟབ་རྒྱས་ངང་བསྡུས།

     ཐེངས་འདིའི་རྡུང་ལེན་དང་ལ་གཞས་རྡུང་ལེན་འགྲན་སྡུར་ལ་སྤྱི་བསྡོམས་པའི་འགྲན་ཞུགས་པ24འགྲན་སྡུར་ལ་ཞུགས་ཤིང་། འགྲན་ཞུགས་མི་བཅུ་དྲུག་རྟིང་རྩོད་དུ་བདམས་ཐོན་བྱུང་། དཔྱད་འདེམས་པས་དྲང་བདེན་དྲང་བཞག་སྒོས་སྐར་མ་བཀོད་མཐར་སོ་སོ་ཨང་དང་པོ་གཉིས་དང་ཨང་གཉིས་པ་བཞི། ཨང་གསུམ་པ་དྲུག་དང་གཞན་ཕུལ་བྱུང་བྱ་དགའ་སོགས་མི16ལ་བྱ་དགའ་གནང་།

     ཐེངས་འདིའི་འགྲན་ཞུགས་པ་དག་བདམས་ཐོན་བྱུང་སྟེ་འགྲན་སྡུར་རྒྱལ་ཁ་ངང་མཇུག་སྒྲིལ་བ་དང་། སྐབས་འདིའི་འགྲན་སྡུར་གྱིས་བོད་མཁར་རྐང་ཚའི་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ། གཞན་ཐུན་མོང་མ་ཡིན་པའི་རིག་གནས་འཛུགས་སྐྲུན་དང་ཡུལ་སྐོར་ལྗོངས་རྒྱུ། མི་རིགས་མཐུན་སྒྲིལ་སོགས་འཆམ་མཐུན་གྱིས་བོད་མཁར་རྐང་ཚའི་སྣང་བརྙན་གསར་སྐྲུན་བྱེད་པ། གཞན་མ་འོངས་པ་རྐང་ཚའི་རིག་གནས་འཛིན་སྐྱོང་ཐད་སྔར་ལས་ལྷག་པའི་ནུས་པ་འདོན་དགོས་པའི་སྐུལ་མ་དང་བཅས་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ།


འབྲེལ་ཡོད་འོས་སྦྱོར།