logo

གཡུ་འབྲུག་རྟགས་མའི་ལ་གཞས་འགྲན་བསྡུར་ཐེམ་ཆེན་རྩྭ་ཐང་དུ་སྤེལ།

རྩོམ་པ་པོ།:ལྕགས་འབུམ་རྒྱལ། ཀླུ་འབུམ་ཚེ་རི ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-09-12 ཀློག་གྲངས།:


གཡུ་འབྲུག་རྟགས་མའི་ལ་གཞས་འགྲན་བསྡུར་ཐེམ་ཆེན་རྩྭ་ཐང་དུ་སྤེལ།


ལ་གཞས་ལེན་པ།


ལ་གཞས་ལེན་པའི་སྐབས།


བྱ་དགའ་ཐོབ་མཁན།

     བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བ་དང་བློ་མཐུན་ཞིས་ཅིན་ཕེན་སྲོག་ཤིང་ཡིན་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་དམངས་ཡོངས་ཀྱི་འབད་བརྩོན་ལ་བརྟེན་ནས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་བསྐྱོད་པ་དང་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་ཆེད། ཉེ་ལམ། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་ལྟེ་གནས་དང་ཐེམ་ཆེན་རྫོང་གཡུ་འབྲུག་མཉམ་འབྲེལ་ལྷན་ཁང་གཉིས་ཀྱིས་བསྒྲུབས་པའི་འབྲོག་དམངས་ལུས་རྩལ་བྱ་འགུལ་སྐབས་དང་པོ་དང་ཐོན་ལས་གྲུབ་འབྲས་འགྲེམ་སྟོན་ཚོགས་ཆེན་གྱི་གཡུ་འབྲུག་རྟགས་མའི་ལ་གཞས་འགྲན་སྡུར་ཐེམ་ཆེན་རྩྭ་ཐང་དུ་སྤེལ།
      ལ་གཞས་ནི་བོད་རིགས་དམངས་ཁྲོད་ཀྱི་རིག་གནས་འཚོ་བ་དང་ན་གཞོན་ཕོ་མོ་ཟུང་གི་བརྩེ་བ་མཚོན་པའི་ངག་ཐོག་སྒྱུ་རྩལ་ཞིག་ཡིན་ལ། ན་གཞོན་ཕོ་མོ་བར་གྱི་ལྷད་མེད་རྣམ་དག་གི་བརྩེ་བ་བརྗོད་པ་དང་ཚིག་སྙན་ཞིང་གོ་བདེ་ལ་བརྗོད་བྱ་གསལ་ཞིང་འབུར་དུ་ཐོན་པ་ཡིན་པས། ད་ལྟའི་བར་དུ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་དམངས་ཁྲོད་དུ་ཆེས་དར་ཁྱབ་ཆེ་བའི་རིག་གནས་ཤིག་ཡིན།
      ཐེངས་འདིའི་གཡུ་འབྲུག་རྟགས་མའི་ལ་གཞས་འགྲན་སྡུར་ལ་མཚོ་ལྷོའི་མང་རྫོང་དང་བྲག་དཀར་རྫོང་། གསེར་ཆེན་རྫོང་། མཚོ་བྱང་རྐང་ཚ་རྫོང་སོགས་ཀྱི་འགྲན་ཞུགས་པ་བཞི་བཅུ་ཞེ་ལྔ་ཞུགས་ཤིང་། ཉིན་གསུམ་རིང་གི་ཛ་དྲག་གི་འགྲན་སྡུར་བརྒྱུད་མང་རྫོང་གི་གླུ་བ་རྟ་མགྲིན་ཚེ་བརྟན་དང་ཐེམ་ཆེན་གྱི་གླུ་མ་ལྷ་རིས་གཉིས་ལ་བྱ་དགའ་ཨང་པོ་ཐོབ། མེ་རི་ཡུལ་ཚོའི་གླུ་བ་ཨོ་རྒྱན་ཐར་དང་གསེར་ཆེན་རྫོང་གི་གླུ་བ་སྙིང་རྒྱལ་ཚེ་རིང་། གསེར་ཆེན་རྫོང་གི་གླུ་མ་པད་མ་འཚོ་དང་ཕག་མོ་ཡུམ་སྐྱིད་བཅས་ལ་བྱ་དགའ་ཨང་གཉིས་པ་ཐོབ། འབྲུག་ཁྱུང་གི་གླུ་བ་འབྲུག་ལྷ་ཚེ་རིང་དང་ཅོང་ཆུའི་གླུ་བ་བསམ་མེ། རྐང་ཚྭའི་གླུ་བ་ཀླུ་འབུམ་ཚེ་རིང་། གསེར་ཆེན་རྫོང་གི་གླུ་མ་ཆོས་དབྱིངས་སྒྲོལ་མ་དང་སུ་རུའི་གླུ་མ་ཡུམ་མཆོག་སྐྱིད། གཡག་ཁེངས་ཀྱི་གླུ་མ་ཕག་མོ་ཟླ་སྒྲོན་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ།
      ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད་ཏང་གི་སྲིད་ཇུས་བཟང་བོའི་ཐོན་ལས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་གཏན་འཇགས། མཉམ་ལས་ཐབས་ལམ་གྱིས་དམངས་ཡོངས་ལ་ཕན་ཁེ་གང་ལེགས་བསྐྲུན་ནས་འཚོ་བའི་སྤུས་ཚད་ཉིན་རེར་འཕོ་འགྱུར་ཆེན་པོ་བྱུང་བ་མངོན་པར་མཚོན།


འབྲེལ་ཡོད་འོས་སྦྱོར།