logo

བསྟན་འཛིན་ཉི་མ《ཀྲུང་གོའི་གླུ་སྐད་སྙན་མོ》འགྲན་བསྡུར་ཁྲོད་ཚུད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-08-02 ཀློག་གྲངས།:

     སྤྱི་ཟླ7པའི་ཚེས27ཉིན་གྱི་དགོང་མོར། 《ཀྲུང་གོའི་གླུ་སྐད་སྙན་མོ》འགྲན་བསྡུར་གྱི་དུས་རིམ་གཉིས་པའི་འགྲན་བསྡུར་དུ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་འབྲིང་དགེ་རྒན་ནམ་ན་གཞོན་གླུ་བ་བསྟན་འཛིན་ཉི་མས《མངོན་མེད་ཀྱི་དྲན་གསོ》ཞེས་པའི་གླུ་དབྱངས་ཤིག་བླངས་པར། ཁོའི་ཐུན་མིན་གྱི་སྐད་ངག་ལ་ལི་ཅན་དགེ་རྒན་དང་ཧཱ་ལིན་དགེ་རྒན། ཀྲོའུ་ཅེ་ལུན་དགེ་རྒན་བཅས་ཀྱི་གདེང་འཇོག་ལེགས་པོ་ཐོབ་པས། “ལྷད་མེད་ཀྱི་གླུ་སྐད”ཅེས་བསྔགས་བརྗོད་གནང་།
     བསྟན་འཛིན་ཉི་མས་བཤད་དོན། ཁོ་རང་གླུ་གཞས་ལ་དུང་པ་ནི་ཁྱིམ་རྒྱུད་ཀྱི་གླུ་དབྱངས་ལེན་པའི་སྲོལ་རྒྱུན་ལ་རེག་ལས་ཤིང་། མི་རིགས་ཀྱི་རོལ་དབྱངས་དང་དེང་རབས་རོལ་མོ་ཟུང་སྦྲེལ་བྱེད་པ་ཡིན།
 


འབྲེལ་ཡོད་འོས་སྦྱོར།