བཀྲ་ཤིས་མཚོ་ཡི་ཆེད་བསྒྲིགས་ཐོག་མ《ཡིད་ཀྱི་མེ་ལོང》ཞེས་པའི་ཁྱབ་སྤེལ་ཚོགས་འདུ་བསྡུས་པ།
བཀྲ་ཤིས་མཚོ་ཡི་ཆེད་བསྒྲིགས་ཐོག་མ《ཡིད་ཀྱི་མེ་ལོང》ཞེས་པའི་ཁྱབ་སྤེལ་ཚོགས་འདུ་བསྡུས་པ།
སྤྱི་ཟླ6པའི་ཚེས18ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་གི་བོད་རིགས་གླུ་མ་བཀྲ་ཤིས་མཚོ་ཡི་མི་སྒེར་གྱི་ཕ་སྐད་ཆེད་བསྒྲིགས་ཐོག་མ《ཡིད་ཀྱི་མེ་ལོང》ཞེས་པའི་སྨྱན་བྱད་ཁྱབ་སྤེལ་ཚོགས་འདུ་དེ་ཁྲིན་ཏུའུ་གྲོང་ཁྱེར་ཆི་ཡཱ་ཧྲང་རྒྱལ་སྤྱིའི་གསོལ་མགྲོན་ཁང་དུ་བསྡུས་ཤིང་། ཐེངས་འདིའི་ཁྱབ་སྤེལ་ཚོགས་འདུ་ནི་སི་ཁྲོན་མཎྜལ་བརྙན་རིས་སྨྱན་བྱད་ཚད་ཡོད་ཀུང་ཟིས་གཙོ་སྒྲུབ་བྱས་པ་དང་། དུས་མཚུངས་སུ་ལོ་མང་པོར་གྲ་སྒྲིག་བྱས་པའི་ཆེད་བསྒྲིགས་གསར་བ་འདི་དངོས་སུ་འགྲེམ་སྤེལ་གནང་ལ། ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཡེ་ཤེས་རྡོ་རྗེ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལུའོ་ཁྲུན་ཧྥང་། རྔ་བ་ཁུལ་བོད་སྐད་ཡིག་བྱ་བའི་སྒྲིག་སྒྱུར་ཅུའི་འགོ་གཙོ་གཞོན་པ་སོགས་འབྲེལ་ཡོད་འགོ་ཁྲིད་མི་སྣ་དང་། ཀུན་དགའ་དང་ཚེ་དབང་ལྷ་མོ། ཆོས་རྒྱལ། འཇམ་དབྱངས་ཆོས་སྒྲོན། ཟླ་བ་སྒྲོལ་མ་སོགས་གླུ་བ་གླུ་མ་དག་ཐེངས་འདིའི་ཁྱབ་སྤེལ་ཚོགས་འདུར་ཞུགས།
ཚོགས་ཞུགས་གླུ་བ་གླུ་མ་དག
བཀྲ་ཤིས་མཚོ་ཡི་ཆེད་བསྒྲིགས་གསར་བ《ཡིད་ཀྱི་མེ་ལོང》ཞེས་པ་འདིའི་ནང་གི་གླུ་གཞས8མི་འགྱངས་པར་རོལ་དབྱངསAPPསོགས་ཀྱི་སྟེགས་བུར་འཇུག་རྒྱུ་དང་། དེ་མིན་ལྷ་ས་དང་ཟི་ལིང་སོགས་སུ་ཆེད་ཚོགས་སྤེལ་རྒྱུ་ཡིན།