logo

མཚོ་ནུབ་ཁུལ་གྱི་གླུ་ཤགས་འགྲན་སྡུར་སྐབས་བཞི་བ་སྤེལ་བ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-11-22 ཀློག་གྲངས།:

     ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གཞི་རིམ་དུ་སྐྱེལ་བ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་དུ། མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། གཏེར་ལམ་རྫོང་མི་རིགས་ཆོས་ལུགས་ཅུའུ་དང་། གུང་གཞོན་ཚོགས་པ་གཏེར་ལམ་རྫོང་ཨུ། གཏེར་ལམ་རྫོང་དམངས་གླུ་མཐུན་ཚོགས། གསེར་ཆེན་སྐོར་བྲོ་ཚོགས་པ་བཅས་ཀྱིས་འགན་སྒྲུབ་བྱས་ལ། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་ལྟེ་གནས་ཀྱིས་རོགས་སྒྲུབ་བྱས་པའི་མཚོ་ནུབ་ཁུལ་གྱི་གླུ་ཤགས་འགྲན་སྡུར་སྐབས་བཞི་བ་དེ་ཉེ་ལམ་གཏེར་ལམ་རྫོང་ནས་བསྡུས།

     ཐེངས་འདིའི་འགྲན་སྡུར་ལ་མཚོ་ནུབ་ས་ཁུལ་གྱི་རྫོང་ཁག་གཉིས་ནས་ཐོན་པའི་འགྲན་ཞུགས་གླུ་བ་གླུ་མ་བཅོ་བརྒྱད་ཞུགས་ཡོད་ལ། ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་བརྒྱུད། གླུ་མ་གླུ་བ་བཅུ་གཉིས་ལ་ཨང་རིམ་བཞིན་བྱ་དགའ་བྱིན།
     གླུ་ཤགས་ནི་མེས་པོའི་རིང་ནས་དར་བའི་སྲོལ་རྒྱུན་གྱི་རིག་གནས་གལ་ཆེན་ཞིག་ཡིན་ལ། འདི་ཡིས་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་མཚོན་ཡོད་པར་མ་ཟད།  ངག་ཐོག་གི་རིག་གནས་གལ་ཆེན་ཞིག་ཀྱང་ཡིན།

     ཐེངས་འདིར། འདི་ལྟ་བུའི་བྱ་འགུལ་སྤེལ་བ་འདིས། བོད་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་ལ་དགེ་མཚན་གང་ལེགས་ཐོན་ཡོད།


འབྲེལ་ཡོད་འོས་སྦྱོར།