logo

གཏེར་ལམ་རྫོང་གི་འཕྲུལ་རྟ་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་དང་པོ་བདེ་བླག་ངང་མཇུག་བསྡུས།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-11-07 ཀློག་གྲངས།:


གཏེར་ལམ་རྫོང་འཕྲུལ་རྟ་རྟགས་མའི་ལ་གཞས་འགྲན་སྡུར་སྤེལ།


གཏེར་ལམ་རྫོང་འཕྲུལ་རྟ་རྟགས་མའི་ལ་གཞས་འགྲན་སྡུར་སྤེལ།

     སྤྱི་ཟླ11པའི་ཚེས4ནས་ཚེས5ཉིན། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དུངས་བ་ཟབ་ཅིང་དམངས་ཁྲོད་མཛའ་གཞས་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་རོགས་འདེགས་ཀྱི་དྲང་ནུས་འདོན་སྤེལ་ལས་ལ་གཞོལ་བའི་ལྷག་བསམ་ཅན་བསོད་ནམས་རྒྱལ་མཚན་ནམ་བསོད་རེ་དང་བླ་བྲང་རྒྱ་མཚོ་གཉིས་ཀྱིས་མ་དངུལ་བཏང་སྟེ་གཏེར་ལམ་རྫོང་གི་འཕྲུལ་རྟ་རྟགས་མའི་ལ་གཞས་འགྲན་སྡུར་ཆེན་མོ་སྤེལ་བ་ཡིན།
     འགྲན་སྡུར་གྱི་གོ་རིམ་ཚགས་དམ་ཞིང་ཁྱབ་ཁོངས་ཡངས་ལ་རྣམ་པ་གསར་བའི་སྒོ་ནས་བོད་ཀྱི་མཛའ་གཞས་རིག་གནས་འདི་དུས་རབས་གསར་བའི་གནས་བབ་འོག་གི་རིག་གནས་ཡོད་ཚད་ཀྱི་གདོང་ཁའི་ཁྲོད་གསོན་ཤུགས་བསྩལ། འགྲན་སྡུར་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཁུལ་ལྔ་དང་རྫོང་བཅུ་ཡི་མཛའ་གཞས་འགྲན་ཞུགས་པ་དྲུག་ཅུ་ལྷག་ཡོད་པ་དང་། མིང་གྲགས་མཛའ་གཞས་ལེན་མཁན་ལྕགས་མོ་རྒྱལ་དང་ཚེ་བརྟན་རྒྱལ། གནམ་ཁོ་སོགས་འགྲན་ཞུགས་དང་དཔྱད་འདེམས་སུ་ཞུགས་ཡོད། འགྲན་སྡུར་བྱ་དགའི་རྣམ་གྲངས་ལ་ཨང་དང་པོ་གཅིག་དང་སོ་སོར་གཞས་པ་གཞས་མ་རེ་ལ་འཕྲུལ་རྟ་རབ་རེ། ཨང་གཉིས་པ་གཉིས་དང་སོ་སོར་གཞས་པ་གཞས་མ་གཉིས་རེར་འཕྲུལ་རྟ་འབྲིང་རེ། ཨང་གསུམ་པ་བཞི་དང་སོ་སོར་གཞས་པ་གཞས་མ་བཞི་རེར་འཕྲུལ་རྟ་རེ་བཅས་སྡོམ་པའི་འཕྲུལ་རྟ་བཅུ་བཞི་ཡི་བྱ་དགའ་བྱིན།


འབྲེལ་ཡོད་འོས་སྦྱོར།