མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་རྟིང་རྩོད་ཀྱི་འགྲན་རིམ་ཐོག་མ་མཇུག་སྒྲིལ།
དཔྱད་འདེམས་པ་དག
འགྲན་ཞུགས་པ་མགོན་པོ་སྐྱབས།
འགྲན་ཞུགས་པ་ངག་དབང་།
སྐྱེས་མའི་འགྲན་ཞུགས་པ་ཛམ་དཀར་སྐྱིད།
དབྱངས་ཅན་སྒྲ་སྙན་རོལ་ཚོགས།
སྨྱན་བྱད་དཔྱད་འདེམས་པ་དག
མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་རྟིང་རྩོད་ཀྱི་ཉིན་དང་པོའི་འགྲན་རིམ་མཇུག་སྒྲིལ།
སྤྱི་ཟླ9བའི་ཚེས23ཉིན་གྱི་ཕྱི་དྲོར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི“ཏང་གི་ཚོགས་ཆེན་བཅོ་དགུ་བསུ་བ”བརྗོད་བྱར་བཟུང་བའི་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་རྟིང་རྩོད་འགྲན་བསྡུར་གྱི་ཉིན་དང་པོའི་འགྲན་རིམ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བདེ་བླག་ངང་སྤེལ་ཞིང་། དཔྱད་འདེམས་པ་ཁྱི་ཕྲུག་ཐར་དང་། གསང་བདག སྨན་བླ་སྐྱབས། འབྲུག་ལྷ་རྒྱལ། རྡོ་རེད། སྒྲོལ་མ་སྐྱབས་བཅས་དང་སྨྱན་བྱད་དཔྱད་འདེམས་པ་དག་གིས་དྲང་བདེན་དྲང་བཞག་རྩ་དོན་དུ་བཟུང་བ་དང་། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ནས་ཡོང་བའི་འགྲན་ཞུགས་པ31གིས་ཛ་དྲག་གི་འགྲན་རྩོད་བརྒྱུད་མཐར་འགྲན་ཞུགས་པ16འགྲན་སྡུར་ལས་རྣམ་པར་རྒྱལ་ཏེ་རྟིང་རྩོད་ཉིན་གཉིས་པའི་འགྲན་སྡུར་ཁྲོད་ཚུད།