logo

བཀྲ་ཤིས་པའི་བདེ་ཆེན་ཞེས་པའི་གླུ་གར་དགོང་ཚོགས་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་བོད་ཡིག་སྨྱན་བྱད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-09-14 ཀློག་གྲངས།:


བཀྲ་ཤིས་པའི་བདེ་ཆེན་ཞེས་པའི་གླུ་གར་དགོང་ཚོགས་བསྡུས་པ།


དགོང་ཚོགས་དེ་བཀྲ་ཤིས་པའི་མགྲོན་པོ་བསུ་བ་ཞེས་པའི་གླུ་དབྱངས་ཀྱི་ཁྲོད་དུ་འགོ་ཚུགས་པ།


རེ་སྒུག་ཅེས་པའི་ཞབས་བྲོ་འཁྲབ་པ།


ཐག་འཐག་པའི་ཞབས་བྲོ།


གྱང་རྡུང་བའི་ཞབས་བྲོ་འཁྲབ་པ།


ཁམས་པའི་ཕོ་གསར་གྱི་གར་གྱི་སྟང་སྟབས།

        སྤྱི་ཟླ9པའི་ཚེས12ཉིན་གྱི་དགོང་མོའི་ཆུ་ཚོད20:00སྟེང་། བདེ་ཆེན་ཁུལ་གྱིས་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་དུ་ཐེངས་དང་པོའི་བཀྲ་ཤིས་པའི་བདེ་ཆེན་ཞེས་པའི་གླུ་གར་དགོང་ཚོགས་བསྡུས་པ་རེད།དགོང་ཚོགས་ཀྱི་ནང་དོན་ནི་གླེང་གཞི་སྟེ་བཀྲ་ཤིས་པའི་མགྲོན་པོ་བསུ་བ་ཞེས་པ་དང་། ལེའུ་དང་པོ་བཀྲ་ཤིས་པའི་དྲན་ཤེས། ལེའུ་གཉིས་པ་བཀྲ་ཤིས་པའི་སྐད་ཆ་སྙན་མོ། ལེའུ་གསུམ་པ་བཀྲ་ཤིས་པའི་ལྷུག་གླེང་།  མཇུག་སྒྲིལ་བའི་ལེའུ་བཀྲ་ཤིས་པའི་བདེ་ཆེན་ཞེས་པ་བཅས་ཀྱིས་གྲུབ་ཡོད།


བྱིས་པ་ཚོས་རོགས་ཟླ་ཞེས་པའི་གླུ་དབྱངས་མཉམ་ལེན་བྱེད་པ།


སེམས་ཀྱི་ཉི་ཟླའི་སྡེ་ཚན་གྱིས་ཟླ་འོད་འོག་གི་མཚན་མོ་ཞེས་པའི་གླུ་དབྱངས་ལེན་པ།


འཇང་རིགས་ཀྱི་དགའ་གླུ་ཞེས་པའི་མཉམ་བྲོ་འཁྲབ་པ།


གངས་རིའི་བུ་ཕྲུག་གིས་གངས་ལྗོངས་ཀྱི་ལྷ་ཡུལ་ཞེས་པའི་གླུ་དབྱངས་ལེན་པ།


ཁམས་པའི་བུ་མོ་མཛེས་བྱུང་ལ།

མཐོ་སྒང་ནས་བྲོ་འཁྲབ་པ་ཞེས་པའི་མཉམ་བྲོ་འཁྲབ་པ།


སེམས་ཀྱི་ཉི་ཟླའི་ཚན་སྡེབ།

         ཐེངས་འདིའི་དགོང་ཚོགས་སྟེང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཆེད་གཉེར་ཨུ་ཡོན།ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཅིན་ཙེ་ཡིས་ཚོགས་གཙོ་གནང་བ་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་དོན་གཅོད་ཨུ་ལྷན་བརྟག་ཞིབ་ཁང་གི་ཀྲུའུ་རེན་ཕེང་ཅན་ཧྭ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཅུས་བདུན་པའི་ཅུས་ཀྲང་གཞོན་པ་ཀྲང་ལི་ཧྥང་གིས་ཚོགས་གཙོ་གཞོན་པ་གནང་བ།རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གཞུང་ལས་ཐིང་གི་སྐོར་ཞིབ་པ་གཞོན་པ་དབྱང་ཡུང་ཧྥང་གིས་དྲུང་ཡིག་ཆེན་མོ་གནང་བའི་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པ་དང་།ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཞིའུ་ལིན་གྱིས་ཚོགས་གཙོ་གནང་བ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧྲུའུ་ཧྥུན་དང་།ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཧོ་ཅིན་ཕིང་། ཞིང་ཆེན་དམག་ཁུལ་ཁང་གི་དམག་སྤྱི་གཞོན་པ་ལུའེ་མེ་ཀྲང་བཅས་ཀྱིས་ཚོགས་གཙོ་གཞོན་པ་གནང་བ།ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ལི་སི་མིང་གིས་དྲུང་ཡིག་ཆེན་མོ་གནང་བའི་ཞིང་ཆེན་རྟེན་འབྲེལ་ཚོགས་པ།རང་ཁུལ་གྱི་འགོ་ཁྲིད་ཀུའུ་ཁུན་དང་།ཆི་ཅན་ཞིན།ཁྲ་ཀྲུང་ཝང་སོགས་དང་།རང་ཁུལ་གྱི་དེ་སྔའི་ཁུལ་ཨུ་དང་ཁུལ་དམངས་ཆེན།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད།མཛའ་མཐུན་ཆེ་ལ་ཉེ་འཁོར་དུ་ཡོད་པའི་རྫོང་དང་གྲོང་ཁྱེར་གྱི་འཐུས་མི་འཁྲབ་སྟོན་གྱི་ཡུལ་དངོས་སུ་ལྟད་མོ་བལྟས་པ་རེད།


འབྲེལ་ཡོད་འོས་སྦྱོར།