logo

ལྷ་མཚོའི་སྐོར་བྲོ་རུ་ཁག་གིས2016ལོའི་རྒྱལ་ཡོངས་སྐོར་བྲོ་འགྲན་བསྡུར་ཁྲོད་གྲུབ་འབྲས་ལེགས་པོ་བླངས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-07-22 ཀློག་གྲངས།:


མཚོ་ལྷོ་ཁུལ་གྱི་ལྷ་མཚོའི་སྐོར་བྲོ་རུ་ཁག་གིས2016ལོའི་རྒྱལ་ཡོངས་སྐོར་བྲོ་
འགྲན་བསྡུར་ཁྲོད་གྲུབ་འབྲས་ལེགས་པོ་བླངས།

མཚོ་ལྷོ་ཁུལ་གྱི་ལྷ་མཚོའི་སྐོར་བྲོ་རུ་ཁག་གིས2016ལོའི་རྒྱལ་ཡོངས་སྐོར་བྲོ་འགྲན་བསྡུར་ཁྲོད་གྲུབ་འབྲས་ལེགས་པོ་བླངས།
མཚོ་ལྷོ་ཁུལ་གྱི་ལྷ་མཚོའི་སྐོར་བྲོ་རུ་ཁག་གིས2016ལོའི་རྒྱལ་ཡོངས་སྐོར་བྲོ་
འགྲན་བསྡུར་ཁྲོད་གྲུབ་འབྲས་ལེགས་པོ་བླངས།

     སྤྱི་ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་བཅས་མཉམ་འབྲེལ་སྒོས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་དང་མཚོ་སྔོན་ཞིང་ཆེན་བྲོ་གར་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་དམངས་ཡོངས་ལུས་སྦྱོང་བྲོ་གར་མཐུན་ཚོགས། དེ་མིན་གྲོང་ཁྱེར་དང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་འགན་སྒྲུང་གནང་བའི2016ལོའི་རྒྱལ་ཡོངས་སྐོར་བྲོ་འགྲན་བསྡུར་ཆེན་མོ་དང་མཚོ་སྔོན་ཞིང་ཆེན་སྐོར་བྲོའི་རྟིང་རྩོད་འགྲན་བསྡུར་དེ་ཟི་ལིང་དུ་བསྡུས་ཤིང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་སྒྲིག་འཛུགས་བྱས་པའི་ལྷ་མཚོའི་སྐོར་བྲོ་རུ་ཁག་མི40འབྲེལ་ཡོད་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཐེངས་འདིའི་འགྲན་བསྡུར་དུ་ཞུགས་ལ། སི་ཁྲོན་དང་། ཀན་སུའུ། ཧྲང་ཧེ། མཚོ་སྔོན་སོགས་ས་ཁུལ་གྱི་སྐོར་བྲོའི་འཐུས་ཚབ་རུ་ཁག39ཡིས་ཉིན་གཉིས་ཀྱི་ཛ་དྲག་འགྲན་བསྡུར་བརྒྱུད་མཐར། ལྷ་མཚོའི་སྐོར་བྲོ་རུ་ཁག་གིས་རྒྱལ་ཡོངས་སྐོར་བྲོ་འགྲན་བསྡུར་གྱི་ཨང་གཉིས་པ་དང་ཕུལ་བྱུང་རྒྱན་གོས་བྱ་དགའ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐོར་བྲོ་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་ཨང་གསུམ་པ་དང་ཕུལ་བྱུང་རྒྱན་གོས་བྱ་དགའ་བླངས།


འབྲེལ་ཡོད་འོས་སྦྱོར།