logo

རྨ་ཆུ་རྫོང་དུ་རྨ་ཀླུང་དྲུག་འགྱུར་རྟགས་མའི་བོད་ཀྱི་དམངས་གླུའི་འགྲན་སྡུར་སྤེལ།

རྩོམ་པ་པོ།:ལྷ་མོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-07-11 ཀློག་གྲངས།:


མཚོ་སྐྱེས་ལྷ་མོ་དང་ཚེ་གཟུངས་གཉིས་གྱིས་ཡུལ་དངོས་ནས་མདོ་འཛིན་བྱེད་བཞིན་པ།


འགྲན་ཞུགས་གླུ་མ་བདེ་སྐྱིད་མཚོ།


དཔྱད་འདེམས་པ།

རྨ་ཆུ་རྫོང་དུ་རྨ་ཀླུང་དྲུག་འགྱུར་རྟགས་མའི་བོད་ཀྱི་དམངས་གླུའི་འགྲན་སྡུར་སྤེལ།
རྟིང་རྩོད་འགྲན་སྡུར་གྱི་བྱ་དགའ་ཐོབ་པའི་གླུ་བ་གླུ་མ།

     སྤྱི་ཟླ7པའི་ཚེས6ཉིན། རྨ་ཆུ་རྫོང་རིག་གནས་བརྙན་འཕྲིན་ཅུའུ་ཡིས་སྐབས་གཉིས་པའི་རྨ་ཀླུང་དྲུག་འགྱུར་རྟགས་མའི་བོད་ཀྱི་དམངས་གླུའི་འགྲན་སྡུར་སྤེལ་ཞིང་། ཁྱོན་བསྡོམས་འགྲན་ཞུགས་གླུ་བ་གླུ་མ50ཡས་མས་ཡོད་ལ། ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན་སོགས་ཀྱི་གོ་རིམ་བརྒྱུད་མཐར་གླུ་བ་གླུ་མ་དགུ་མཇུག་མཐའི་རྟིང་རྩོད་འགྲན་སྡུར་ཁྲོད་ཚུད། དཔྱད་འདེམས་པའི་ཐོག་མཐའ་བར་གསུམ་དུ་དྲང་བདེན་དང་འདྲ་མཉམ་གཙོ་བོར་བཟུང་ནས་ཨང་དང་པོ1དང་གཉིས་པ1། གསུམ་པ1། ཕུལ་བྱུང་གླུ་བ3བཅས་བདམས་ཐོན་བྱུང་བ་དང་། བྱ་དགའ་ཨང་དང་པོར་སྒོར10000དང་གཉིས་པར་སྒོར5000། གསུམ་པར་སྒོར3000། ཕུལ་བྱུང་བྱ་སྒོར1000བཅས་བྱིན།
     དམངས་གླུ་ཞེས་པ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་གོ་རིམ་ཁྲོད་བྱུང་བའི་ངག་རིག་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། ངག་གི་འགྱུར་ཁུགས་ལ་དྲངས་ནས་ལེན་པའི་རྩོམ་རིག་སྒྱུ་རྩལ་ཞིག་ཀྱང་ཡིན། ཐོག་མར་དར་བའི་ཡུལ་ནི་བོད་ཀྱི་བཙན་པོ་རྗེ་གཉའ་ཁྲི་བོད་ཀ་གཡག་དྲུག་གི་རྗེར་གཤེགས་པའི་ཡུལ་གྲུ་སྟེ། ཡུལ་ཡར་ཀླུང་གི་ཕྱོགས་འདི་ཡིན་ནོ༎ ཞེས་སྔོན་བྱུང་མཁས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་སྨྲ། དེ་ནས་རིམ་གྱིས་བོད་ཀྱི་ཡུལ་གྲུ་ཕལ་མོར་ཆེར་དར་ཁྱབ་དུ་སོང་ཞིང་། རྗེས་སོར་ཡུལ་དུས་སོགས་ཀྱི་དབང་གིས་རང་རང་གི་ཁྱད་ཆོས་སྣ་ཚོགས་ལྡན་པའི་སྒྱུ་རྩལ་གྱི་བང་མཛོད་ཆེན་པོ་ཞིག་ཏུ་གྱུར་ཡོད།  དམངས་གླུ་ནི་གནའ་བོའི་བོད་རིགས་མི་དམངས་ཀྱི་འཚོ་བ་དང་ཐོན་སྐྱེད་ངལ་རྩོལ་ཁྲོད་ཕན་ཚུན་གོ་བརྡ་སྤྲོད་སྐབས་སུ་མེད་དུ་མི་རུང་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། དཔེ་དོན་གཉིས་ཀས་དོན་གང་ཞིག་གསལ་བོར་མཚོན་པར་ཚིག་བསྡུས་ཤིང་བབ་ཆགས་པ། ནང་དོན་ཟབ་ཅིང་རྒྱ་ཆེ་བ། ཡུལ་སྲོལ་གོམས་གཤིས་དང་མི་ཚེའི་ལྟ་ཚུལ་བརྗོད་པ། མཛེས་དཔྱོད་རིན་ཐང་དང་དངོས་ཡོད་འཚོ་བར་སྦྱར་ཡོད་པས་སྒྱུ་རྩལ་གྱི་རིན་ཐང་དང་། རྩོམ་རིག་གི་རིན་ཐང་ཆེས་ཆེར་ལྡན། རྨ་ཆུའི་ས་ཁུལ་དུ་མཚོན་ནའང་བོད་མི་རིགས་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་སྒྱུ་རྩལ་འདིའི་གྲ་མ་ཆག་གྲུ་མ་ཉམས་པའི་དམངས་གླུའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། དཔེར་ན། འབྲུག་མོའི་བཞོ་དབྱངས། ཕྱིང་གླུ། གླུ་ཤགས་སོགས་དབྱངས་རྟ་འདྲ་མིན་གྱི་དམངས་གླུ་མང་པོ་ཡོད།


འབྲེལ་ཡོད་འོས་སྦྱོར།