《སྡེ་ཆེན་རྩེད་རའི》མཚོ་ལྷོའི་འགྲན་ཁུལ་གྱི་ལ་གཞས་འགྲན་བསྡུར་མཇུག་རྫོགས་པ།
རྟིང་རྩོད་ཁྲོད་ཞུགས་པའི་གླུ་བ་དག
རྟིང་རྩོད་ཁྲོད་ཞུགས་པའི་གླུ་མ་དག
ཐེངས་འདིར་བསལ་འདེམས་བྱས་པའི་གླུ་བ་གླུ་མའི་མཉམ་པར།
གསར་འགོད་པས་རྒྱུན་ལོན་བྱུང་བ་ལྟར་ན། ཟླ5བའི་ཚེས6ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་གྱིས་བསྒྲུབས་པའི《སྡེ་ཆེན་རྩེད་རའི》ལེ་ཚན་གྱི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་ལྔ་བ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཁང་ནས་ཚོགས།
རེབ་འདིར་འགྲན་ཞུགས་གླུ་བ་གླུ་མ26དང་དཔྱད་འདེམས་པ3ཡོད། འགྲན་ཞུགས་པ་མང་ཤོས་ནི་གསར་སྐྱེས་ཀྱི་གླུ་བ་གླུ་མ་དག་རེད། རེབ་འདིའི་འགྲན་སྡུར་ལ་རོགས་མཐུན་པའི་སྐོར་དང་། རོགས་དྲན་པའི་སྐོར། ཞེ་སྨྲེང་བའི་སྐོར། རོགས་འགྲོག་པའི་སྐོར། རོགས་འཚོལ་བའི་སྐོར། རོགས་རྩོད་པའི་སྐོར། ལབ་ཀྱི་སྐོར་དང་སྐྱོན་བརྗོད་པའི་སྐོར་བཅས་རིགས་བརྒྱད་དུ་བགར་ཏེ། རྒྱན་གྱི་ཨང་རིམ་ལྟར་ལ་ཕན་ཚུན་ལ་ལ་གཞས་ནང་དོན་མི་འདྲ་བ་རེ་དུས་ཚོད་ཕྱེད་ཀའི་ནང་ལེན་དུ་བཅུག་པ་རེད།
འགྲན་ཞུགས་པ26གི་ཁྲོད་དུ་གླུ་བ8དང་གླུ་མ8བསལ་འདེམས་བྱས་ཤིང་། གླུ་བ་གླུ་མ་དེ་ཚོར་མི་རེར་སོ་སོར་དུས་ཚོད་གཅིག་རེར་ལེན་དུ་བཅུག་ནས་ཞིང་ཆེན་ཡོངས་ཀྱི་བསྐྱར་འགྲན་དང་རྟིང་རྩོད་ཁྲོད་ཞུགས་པ་རེད། བྱེད་སྒོ་འདིས་བོད་ཀྱི་ལ་གཞས་རིག་གནས་ཀྱི་ཡོངས་ཁྱབ་རང་བཞིན་ལ་དོ་སྣང་དང་རྒྱུས་མངའ་བྱེད་པར་སྐུལ་འདེད་བཏང་ཡོད།