logo

གྲེ་འགྱུར་ངག་གི་དབྱངས་རྟ་ཞེས་པའི་བོད་ཀྱི་སྐད་འཕྲིན་དམངས་གླུ་འགྲན་སྡུར་སྤེལ་མགོ་ཚུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-04 ཀློག་གྲངས།:

གྲེ་འགྱུར་ངག་གི་དབྱངས་རྟ་ཞེས་པའི་བོད་ཀྱི་སྐད་འཕྲིན་དམངས་གླུ་འགྲན་སྡུར་སྤེལ་འགོ་ཚུགས་པ།

     སྐད་འཕྲིན་དང་པོད་འཕྲིན། རྩིས་འཁོར་དང་རིག་ལྡན་ཁ་པར། དྲ་བའི་བརྡ་འཕྲིན་ལག་རྩལ་སོགས་སྨྱན་བྱད་གསར་བའི་བརྒྱུད་ལམ་ཁག་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དར་དང་དར་བཞིན་པའི་སྐབས་འདིར། སི་ཁྲོན་བོད་སྐད་རླུང་འཕྲིན་གྱིས་སྨྱན་བྱད་གསར་བའི་བརྒྱུད་ལམ་ནས་བོད་ཆོལ་ཁ་གསུམ་གྱི་དམངས་གླུར་དགའ་ཞེན་ཆེ་བའི་སྤུན་ཟླ་ཡོངས་ལ་དམིགས་ཏེ། ཉེ་ལམ་སྐད་འཕྲིན་སྤྱི་སྟེགས་སུ་བོད་ཀྱི་དམངས་གླུའི་འགྲན་ཚོགས་བསྡུ་བཞིན་ཡོད། འགྲན་སྡུར་དུ་ཞུགས་འདོད་མཁན་ལ་ལོ་ཚོད་ཀྱི་ཚད་བཀག་དང་ཕོ་མོའི་དབྱེ་བ་གང་ཡང་མེད་ཅིང་། དམངས་གླུ་ཡིན་པ་ལ་ཁེར་ལེན་དང་མཉམ་ལེན(ཕོ་མོའི་མཉམ་ལེན)གང་རུང་གི་ལམ་ནས་འགྲན་སྡུར་དུ་ཞུགས་ཆོག་པ་རེད།
     ཐེངས་འདིའི་འགྲན་སྡུར་ལ་ཆེད་དུ་བོད་ཆོལ་ཁ་གསུམ་ནས་མིང་གྲགས་ཆེ་བའི་དཔྱད་འདེམ་དགེ་རྒན་གདན་འདྲེན་བྱས་ཡོད་ལ། བོད་ཡིག་གི3Gཆེད་སྒྲིག་པར་ངོས་སོགས་བཟོས་ཡོད། གལ་སྲིད་ཁྱེད་རང་ཐེངས་འདིའི་དམངས་གླུ་འགྲན་སྡུར་ལ་ཞུགས་འདོད་ཡོད་ཚེ།  སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས“四川藏语广播”(ཨང་རྟགས།Tibet-SRT)ཞེས་པར་དོ་སྣང་གནང་རྗེས། ཐད་ཀར་སྐད་འཕྲིན་སྤྱི་སྟེགས་སུ་རིང་ཐུང་དུས་ཡུན་སྐར་ཆ60ཚུན་ཆད་ཀྱི་དམངས་གླུ་ཞིག་གི་ཚན་པ་རེ་གཉིས་ཙམ་ལེན་པ་དང་། ཞོར་དུ“གླུ་བའི་མིང་དང་། ཕ་ཡུལ། འབྲེལ་གཏུག་ཁ་པར་ཨང་གྲངས། དམངས་གླུའི་མིང”བཅས་བསྐུར་དགོས། (མིང་ཐོ་འགོད་སྟངས་གསལ་བོ་མི་ཤེས་ན་འབྲེལ་གཏུག་ཁ་པར་ཨང་གྲངས028-85982473ལ་ཁ་པར་བཏང་ནས་དྲིས་ཆོག)
     མིང་ཐོ་འགོད་པའི་དུས་བཀག་སྤྱི་ཟླ5བའི་ཚེས10ཉིན་གྱི་དགོང་མོའི་དུས་ཚོད24:00སྟེང་ཡིན་ཞིང་། ཐོག་མའི་མིང་ཐོ་འགོད་མཁན་ཡོངས་ལས་ཕུལ་བྱུང་གླུ་བ་མི20བདམས་ནས་ཐོག་མའི་འགྲན་སྡུར་སྤེལ་རྒྱུ་ཡིན་ཞིང་། ཐོག་མའི་འགྲན་སྡུར་དུ་ཚུད་པའི་མིང་ཐོ་སྤྱི་ཟླ5བའི་ཚེས12ཉིན་སི་ཁྲོད་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་དང་དཀར་མཛེས་གསར་འགྱུར་དྲ་བ་ནས་སྤྱི་བསྒྲགས་བྱ་རྒྱུ་ཡིན།
     ཐོག་མའི་འགྲན་སྡུར་དང་རྟིང་རྩོད་འགྲན་སྡུར་དུ་འདེམ་ཤོག་གི་ཁ་གྲངས་དང་དཔྱད་འདེམས་དགེ་རྒན་གྱིས་བརྒྱབ་པའི་སྐར་གྲངས་གཞིར་བཟུང་ནས་མཇུག་མཐར་དགའ་རྟགས་ཨང་དང་པོ1དང་། ཨང་གཉིས་པ2། ཨང་གསུམ་པ3། ཕུལ་བྱུང་བྱ་དགའ4བཅས་གདམ་རྒྱུ་ཡིན། གལ་སྲིད་ཁྱེད་རང་འགྲན་སྡུར་ལ་ཞུགས་འདོད་ཚེ། གཤམ་དུ་བཀོད་པའི་སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ཀྱི་རྩ་གཉིས་ཨང་རྟགས་བཤེར་ནས་དོ་སྣང་དང་མཉམ་ཞུགས་གནང་ཆོག
སྐད་འཕྲིན་སྤྱི་སྟེགས་ཀྱི་མིང་། 四川藏语广播
ཨང་རྟགས། Tibet-SRT
རྩ་གཉིས་ཨང་རྟགས།


འབྲེལ་ཡོད་འོས་སྦྱོར།